རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་གྱི་མི་ལོ་ ༡༥ མཛད་སྒོ།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ཏེ་མི་ལོ་༡༥འཁོར་བའི་མཛད་སྒོ་དང་དབུ་མའི་ལམ་གྱི་ཉིན་མོ་དུས་གཅིག་ཏུ་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་།