དགུ་བའི་བཅུ་གཅིག་དུས་དྲན་ཐེངས་༢༢ པ་སྲུང་བརྩི།
ཨ་རིའི་ནང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་དོན་རྐྱེན་བྱུང་ནས་མི་ལོ་༢༢ ཕྱིན་པ་དང་། ད་ལོའི་༩།༡༡ རྗེས་དྲན་ཉིན་མོར་ཨ་རི་བ་ཚོས་དོན་རྐྱེན་དེའི་ཁྲོད་འདས་གྲོངས་ཕྱིན་པའི་མི་༣༠༠༠ མ་ཟིན་ཙམ་ལ་མྱ་ངན་གུས་འདུད་ཞུས། སྲིད་འཛིན་བྷ་ཌན་གྱིས་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ཡོད་ཚད་འགོག་རྒོལ་ནན་མོ་བྱ་རྒྱུའི་དམ་བཅའ་བཞག