ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

འཇིགས་མེད་མགོ་རིལ་ལགས་སྐུ་གྲོངས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་ནང་གི་གནས་ཚུལ་རྒྱལ་སྤྱིར་བསྒྲགས་མཁན་བླ་བྲང་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ལགས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་རྒྱུར། དེ་རིང་ཉིན་གུང་ཆུ་ཚོད་བཅུ་གཉིས་ཙམ་ལ་ཨ་ཁུ་འཇིགས་མེད་ལགས་སྐུ་གཤེགས་སོང་། སྤྱིར་བཏང་ཨ་ཁུ་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ་ནས་གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཤེད་ཀྱི་ནད། མིག་ནང་ལ་ཁྲག་བབ་ཏེ་མིག་དམར་པོ་ཆགས་པའི་ངོས་མི་ཟིན་པའི་ནད་ཅིག་བཅས་ལ་སོགས་པའི་ནད་མང་པོ་མཉམ་དུ་འདུག བཙོན་གྲོལ་ཐོབ་པ་ནས་རྒྱུན་དུ་སྨན་ལ་བསྟེན་བཞིན་ཡོད། ཉེ་སྔོན་ས་ག་ཟླ་བའི་སྐབས་སུ་ཡང་བསྐྱར་ནད་ལོག་བྱུང་ནས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བསྟན་པ་དང་། དེའི་རྗེས་ཅུང་ཙམ་དྲག་སྐྱེད་བྱུང་ནས་ཕྱིར་ཁོང་གི་མ་ཁྱིམ་བླ་བྲང་ཕུག་སྡེ་རུ་འབྱོར་ནས་ཉིན་ཤས་ལས་མ་སོང་་བར་སྐུ་གྲོངས་འདུག་ཅེས་འགྲེལ་བརྗོད་གནང་སོང་།

འཇིགས་མེད་མགོ་རིལ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༠ ཉིན་འཛིན་བཟུང་བྱས་ཏེ་ལོ་གསུམ་ལ་གསང་བའི་བཀག་ཉར་རྗེས་སྤྱི་ལོ་༢༠༡༤་ལོའི་སྤྱི་ཟླ་༩་བའི་ཚེས་༥་ཉིན་ལ་༼ རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་༽ བྱེད་པའི་ཉེས་འཛུགས་ཀྱིས་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ༢༠༡༦་ལོའི་སྤྱི་ཟླ་༡༠་བའི་ཚེས་༢༦་ཉིན་ལ་བཙོན་འཇུག་གི་དུས་ཡུན་ཡོངས་སུ་གཙང་སྟེ་གློད་གྲོལ་བཏང་ཡོད་པ་རེད། ཁོང་གློད་གྲོལ་མ་བཏང་བའི་སྔོན་དང་གཞན་ཡང་ཁོང་ལན་ཀྲིག་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱེད་ཡོད་སྐབས་ཡང་ནས་ཡང་དུ་སྨན་ཁང་དུ་ཁྲིད་ཡོད་པ་དང་། སྨན་ཁང་དུ་ཡོད་པས་ནང་མིར་ཐུག་འཕྲད་བྱེད་དུ་མ་བཅུག་པ་སོགས་ཀྱི་གནས་ཚུལ་རིམ་པས་བྱུང་མྱོང་བ་རེད། དེ་བཞིན་བཙོན་གྲོལ་ཐོབ་པ་ནས་ཀྱང་སྨན་ལ་བསྟེན་བཞིན་པ་རེད་འདུག

འཇིགས་མེད་མགོ་རིལ་ལམ་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ནི་འདི་ག་ཨ་རིའི་རླུང་འཕྲིན་ཁང་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཡིན། དེ་ཡང་སྤྱི་ལོ་༢༠༠༨་ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་ཆེན་མོ་བྱུང་སྐབས་མདོ་སྨད་བླ་བྲང་ཕྱོགས་སུ་བླ་བྲང་དགོན་གྲོང་གཉིས་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་ཇི་ལྟར་བྱེད་པའི་སྐོར་ལ་འཇིགས་མེད་ལགས་ཀྱིས་ཞུ་གཏུག་སྙན་སེང་རྒྱས་པ་ཞིག་བརྙན་དུ་ཕབ་སྟེ་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བཏང་མྱོང་བ་དང་། ཨ་རིའི་རླུང་འཕྲིན་ཁང་གིས་ཁོང་གི་དགོས་འདུན་ལྟར་སྐབས་དེའི་དྲག་གནོན་དངོས་མཐོང་བ་ཞིག་གི་མྱོང་བ་དེ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བཀྲམས་ཡོད། ཞིབ་འཇུག་ལྟེ་གནས་ཁག་གཙོས་རྒྱལ་སྤྱིའི་མི་མང་ལ་སྐབས་དེར་དོན་དངོས་སུ་བོད་མི་ཚོར་དྲག་གནོན་གང་འདྲ་བྱུང་བར་རྒྱུས་ལོན་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། སྐབས་དེའི་གནས་བབ་གསལ་སྟོན་གྱི་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད།།

XS
SM
MD
LG