༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་མི་བྷ་ཌན་དང་ཊམ་གཉིས་ཀྱི་ནུས་ཁུངས་འདོན་སྤེལ་བྱེད་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཕྱོགས་སྐོར་གྱི་སྲིད་ཇུས་རྦད་དེ་ཐ་དད་ཆགས་ཡོད་པའི་སྐོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
༄༅།། གཟའ་ཕུར་བུའི་ཉིན་ནེའུ་ཡོག་གི་བཤེར་དཔང་ལྷན་ཚོགས་ཤིག་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་ཐོག་ཏུ་༢༠༡༦་ལོའི་འོས་བསྡུར་ཤུགས་རྐྱེན་ཐེབས་ཐབས་བྱས་ནས་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཕོ་བྲང་དཀར་པོར་བསླེབས་པ་རེད། ཊམ་ལ་ཉེས་འཛུགས་༣༤་བྱུང་བ་ཚང་མར་ནག་ཉེས་འདུག་ཅེས་སྤྱི་མོས་ཀྱིས་ཐག་བཅད།
སྲིད་འཛིན་ཟུར་པ་ཊམ་གྱིས་ཆགས་སྲེད་གློག་བརྙན་འཁྲབ་མཁན་བུད་མེད་ཅིག་དང་ལུས་འབྲེལ་བྱུང་རྗེས། མོའི་ཁ་འགོག་ཐབས་སུ་སྒོར་མོ་སྤྲད་ནས་ཚོད་དོན་འགྲོ་སོང་ཟིན་ཐོ་རྫུན་མ་བཟོས་པའི་གྱོད་དོན་ལ་བཤེར་དཔང་ལྷན་ཚོགས་ཀྱིས་ཁྲིམས་བཤེར་བྱེད་མུས་ཡིན་པ་དང་། ཁྲིམས་ཁང་གི་མདུན་ཐང་ནི་འོས་བསྡུའི་ལས་འགུལ་སྤེལ་ཡུལ་ཞིག་ཏུའང་གྱུར་ཡོད།
ཨ་རིའི་སྲིད་འཛིན་འོས་མི་ལས་ཐོག་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་རྣམ་གཉིས་ཀྱི་ཆོས་ལུགས་ཀྱི་བསམ་བློ་འཁྱེར་ཕྱོགས་དང་། འོས་བསྡུའི་དྲིལ་བསྒྲགས་ལ་དེས་ཤུགས་རྐྱེན་ཇི་ལྟར་བཟོ་བཞིན་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་བའི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་སྲིད་འཛིན་འོས་བསྡུ་འདིའི་སྐབས་ལ་འོས་འཕེན་པ་བརྒྱ་ཆ་ལྔ་བཅུ་ལྷག་བུད་མེད་ཡིན་པ་དང་། སྲིད་འཛིན་གྱི་འོས་མི་རྣམ་གཉིས་ཀྱིས་བུད་མེད་ཀྱི་འོས་ཤོག་ཐོབ་ཆེད་ལས་དོན་འཆར་གཞི་གང་ཡོད་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་ཕབ་སྒྱུར་བྱས་པར་གཟིགས་རོགས་གནང་།
ཨ་རིའི་སྲིད་འཛིན་གྱིས་གཟའ་འཁོར་འདིའི་ནང་རྒྱ་ནག་གི་གློག་ཤུགས་འགྲུལ་འཁོར་དང་ངར་ལྕགས། ཧ་ཡང་། དེ་བཞིན་གློག་ལེབ་འཕྲུལ་ཆས་སོགས་ཚོང་ཟོག་ཁག་གི་ཐོག་སྒོ་ཁྲལ་ཇེ་ཆེར་གཏོང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། སྲིད་འཛིན་ཟུར་པ་ཊམ་གྱིས་དེ་སྔོན་རྒྱ་ནག་གི་ཚོང་ཟོག་ཁག་གི་ཐོག་སྒོ་ཁྲལ་ཇེ་ཆེར་གཏོང་རྒྱུའི་གསལ་བསྒྲགས་གནང་བ་རེད།
ཨུ་རུ་སུས་ཡུག་ཀེ་རེན་གྱི་བྱང་རྒྱུད་དུ་དཔུང་འཇུག་བྱས་ནས་གནས་སྟངས་ཛ་དྲག་ཆགས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་གཉིས་བར་གྱི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་དཀྱིལ་ཤར་ཁུལ་གྱི་ཟིང་འཁྲུག་དེ་བཞིན་བརྗོད་གཞི་གཙོ་བོ་ཞིག་ཆགས་ཡོད་སྟབས། ཡུག་ཀེ་རེན་གྱི་གནས་སྟངས་ལ་དོ་ཁུར་བྱ་རྒྱུ་ཁག་པོ་ཆགས།
བྷ་ཌན་དང་ཊམ་གཉིས་དབར་གྱི་༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་དུ། ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པའི་འོས་འཕེན་པའི་གྲངས་འབོར་དེ་བཞིན་ལོ་བཞིའི་སྔོན་དང་བསྡུར་ན་ས་ཡ་གཉིས་ཙམ་མང་དུ་ཕྱིན་ཡོད་སྟབས། སྲིད་དོན་ཚོགས་པ་གཉིས་ཀས་ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པའི་འོས་འཕེན་པ་ཚོའི་འོས་ཤོག་ཐོབ་ཐབས་བྱེད་བཞིན་པ་རེད།
དམངས་གཙོ་ཚོགས་པའི་སྲིད་འཛིན་བྷ་ཌན་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་དབར་ལ་འོས་བསྡུའི་འགྲན་བསྡུར་ནི་ད་ནས་ཟླ་བ་དྲུག་གི་རྗེས་སུ་འཚོག་རྒྱུ་ཡིན་པ་རེད། འོས་བསྡུ་ཉིན་མོའི་སྔོན་ལ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སོགས་ཀྱི་སྐོར་ལ་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
གྲོས་ཚོགས་ནི་ཨ་རིའི་གཞུང་གི་ཁྲིམས་བཟོའི་སྡེ་ཚན་ཞིག་ཡིན་པའི་ཆ་ནས། གྲོས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཆར་འདོན་རྒྱུ་དང་བཅའ་ཁྲིམས་གཏན་འབེབས་ཀྱི་རྐང་འགན་ཁུར་གྱི་ཡོད་པ་སོགས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས་གཤམ་གསལ།
ཨ་རིའི་ཆབ་སྲིད་བརྗོད་པའི་སྐབས་སུ་མངའ་སྡེ་དམར་པོ་དང་མངའ་སྡེ་སྔོན་པོ་ཟེར་བ་ནི་རྒྱུན་པར་ཐོས་ཡོང་། ལོ་རབས་དྲུག་ཅུ་བ་དང་བདུན་ཅུའི་ནང་ཁ་དོག་ཅན་གྱི་བརྙན་འཕྲིན་དར་བའི་སྐབས་སུ། བརྙན་འཕྲིན་ཁང་དག་གིས་ཁ་དོག་བཀོལ་ནས་འོས་བསྡུའི་ཉིན་མོའི་གྲུབ་འབྲས་འགྲེལ་བཤད་རྒྱག་འགོ་ཚུགས།
ཨ་རིའི་སྲིད་འཛིན་གྱི་ལས་གནས་འདི་ནི་ཨ་རིའི་རྩ་ཁྲིམས་སུ་འཁོད་པའི་ཆ་རྐྱེན་དག་དང་འཚམས་པའི་གང་ཟག་འབའ་ཞིག་ལ་ཐོབ་ཐུབ་པ་ཡིན། ཆ་རྐྱེན་དེ་དག་ནི་ཉུང་མཐར་ཡང་དགུང་ལོ༣༥ ལ་སླེབས་པ། ཨ་རིའི་ནང་ལོ་༡༤ ལ་འཚོ་སྡོད་བྱས་པ། ཨ་རིར་སྐྱེས་པའི་མི་སེར་ཡིན་པ་བཅས་སོ།།
མང་སྣོན།