ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧
ཀུན་གླེང་། ༢༠༢༤ ལོའི་ཟླ་༩ ཚེས་༥
please wait

No media source currently available

0:00 0:29:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་། ༢༠༢༤ ལོའི་ཟླ་༩ ཚེས་༥

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནིའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཀྱི་ལས་དྲུང་ཟུར་པ་ལེན་ཌ་སུན་བཟའ་ཚོ་གཉིས་ལ་ཁྲིམས་བཤེར། ཧྲང་ཧེར་སྒོ་བརྒྱབ་ཟིན་པའི་དེབ་ཚོང་ཁང་ཞིག་ཝ་ཤིན་ཊོན་དུ་སྒོ་ཕྱེ་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད། བུད་མེད་ལེ་ཚན་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་ལོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ལ་ཁོ་མོའི་ལོ་ངོ་སུམ་ཅུ་ཙམ་རིང་གི་སྲི་ཞུའི་བརྒྱུད་རིམ་དང་ད་ཆ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་པ་དང་འབྲེལ་ནས་གླེང་མོལ་ཞུས། དེ་རིང་གི་དྲ་སྣང་གི་བོད་དུ་ནེའུ་ཡོག་ཏུ་པདྨ་ཚེ་བརྟན་གྱི་གློག་བརྙན་དགུ་གཟིགས་འབུལ་སྐོར་དང་། དྲ་ཚིགས་ཧྲིལ་བོ་བོད་ཡིག་ཏུ་བསྒྱུར་ཐབས། ལོ་རྒྱུས་སུ་སྙན་གྲགས་ཆེ་ཤོས་ཆོས་ཀྱི་དབུ་ཁྲིད་གྲས་སུ་འདམ། རི་ཆཱར་གྷེར་གྱི་སྐྱེས་སྐར་ལ་འཚམས་འདྲི། རྒྱ་མི་ཡུལ་སྐོར་བ་ཞིག་གི་ལྷ་སའི་བརྙན་ཞིག ཐེ་ཝན་དྲ་གྲགས་ཁག་ཅིག་བོད་དུ་བསྐྱོད་པར་སྐྱོན་བརྗོད་བཅས་ཡོད།

All programs

Up next ༢༢:༠༠ - ༢༢:༣༠ ༣༠ min

ཀུན་གླེང་།
See full schedule
XS
SM
MD
LG