ཉིན་གྲངས་བཞིའི་རིང་ཚོགས་པའི་ཕྱི་ལོ་ ༢༠༢༤ ལོའི་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བཅུ་གསུམ་པ་དེ་ཟླ་བ་འདི་ཚེས་ ༧ ནས་འགོ་འཛུགས་ཀྱིས་འདི་ཚེས་ ༡༠ ཉིན་མཇུག་སྒྲིལ་གནང་ཡོད་པ་དང་། འདི་ལོའི་དུས་སྟོན་ཐོག་རྒྱལ་ཁབ་ ༢༨ ནས་བཟོ་སྐྲུན་བྱས་པའི་གློག་བརྙན་མི་འདྲ་བ་ ༨༠ ལྷག་ཙམ་གཟིགས་འབུལ་ཞུས་ཡོད།
དེ་རིང་སྤྱི་ཟླ་ ༡༡ ཚེས་ ༣ ཕྱི་དྲོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྤྱི་ལོ་ ༢༠༢༤ ལོའི་སྨོན་ལམ་མངོན་གྱུར་གྱི་དུས་སྟོན་ཐོག མཉེན་ཆས་གསར་པ་ལྔ་སྟེ། སྨོན་ལམ་ཡིག་སྒྱུར། སྨོན་ལམ་མཉམ་རུབ། སྨོན་ལམ་དྲ་རྒྱའི་ཟུར་སྣོན། སྨོན་ལམ་མཐེབ་གཞོང་། སྨོན་ལམ་མེ་ལོང་བཅས་གསར་སྟོན་གནང་ཡོད་པ་གསུངས།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ལྷན་འཛོམས་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྨན་བཅོས་ལམ་ལྷོངས་ཡོང་བའི་སྨོན་ལམ་འདུས་འཛོམས་ཤིག་ཚོགས་གནང་སོང་། གཞན་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་འོག་སེར་སྐྱ་མི་མང་ནས་ཉིན་སྐྱོང་མཚན་སྐྱོང་ཀྱི་སྨོན་ལམ་གསོག་སྒྲུབ་གནང་སོང་།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེ་ཀོལ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་པེ་ལོ་སིས་དབུ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཀངྒ་ར་གྷ་གལ་གནམ་ཐང་བརྒྱུད་བཞུགས་སྒར་དུ་སླེབས།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་སྨྱུག་དཔེ་སྐྲུན་ཁང་དང་། ཝ་ཟུར་ཚོགས་པས་ཐུན་མོང་གི་གོ་སྒྲིག་འོག་བོད་ཡིག་དཔེ་མཚམས་ཞེས། བོད་པའི་གཞོན་སྐྱེས་དུས་རྒྱུན་བོད་ཡིག་ཀློག་ཤེས་པ་གང་ཞིག་ལ་དཔེ་ཀློག་གི་གོམས་གཤིས་མེད་པ་དང་། བོད་ཡིག་དཔེ་ཀློག་ཡར་རྒྱས་གཏོང་འདོད་ཅན་རྣམས་ལ་དམིགས་པའི་དཔེ་མཚམས་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།
འགྲེམས་སྟོན་ཁང་ནི་ཤེས་ཡོན་དང་ཉམས་ཞིབ་ཀྱི་ལྟེ་གནས་ཞིག་ཀྱང་ཡིན་ཞེས་པའི་བརྗོད་གཞིའི་འོག བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་སྤྱི་ཟླ་༥ པའི་ཚེས་༡༧ ཉིན་ལ་ཉིན་གཅིག་སྔ་སྣུར་གྱིས་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་༤༧ པ་སྲུང་བརྩི་ཞུས་ཡོད་སྐོར་འདིར་གསལ།
ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་རྒྱ་མཚོ། དང་པོ། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་བྱས་པ་ཤེས་རྟོགས་བྱུང་ནས་༢༠༠༨ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་དང་པོ་བྱས་ཤིང་ཁྱོན་བསྡོམས་ཐེངས་གསུམ་ལ་འཛིན་བཟུང་བཀག་ཉར་བྱས་པའི་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ངོ་སྤྲོད་བྱས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་དགུང་ལོ་༢༠ སྟེང་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་མི་ལོ་བཅུ་དགུའི་རིང་བཙོན་འཇུག་བྱས་རྗེས་༡༩༨༢ ལོར་གཞི་ནས་བཙོན་གྲོལ་ཐོབ་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷུན་གྲུབ་དབང་རྒྱལ་ལགས་ངོ་སྤྲོད་ཀྱི་ལེའུ་གཉིས་པ་དེ་གཟིགས་འབུལ་ཞུ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོཊ་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༩ ཉིན་བཞུཊ་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་མཆོག་ནས་སོག་པོའི་ཆོས་ཞུ་བས་གཙོས་དད་ལྡན་མི་མང་རྣམས་ལ་ཉིན་གཉིས་རིང་གི་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་སྩལ་བའི་སྐོར་འདིར་གསལ།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༥༩ ལོར་རྒྱལ་སྲུང་དགྲ་རྒོལ་གྱི་དམག་འཐབ་ནང་ཞུགས་ཤིང་ལོ་བཅུ་དགུའི་རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷུན་གྲུབ་དབང་རྒྱལ་ལགས་ངོ་སྤྲོད་བྱས་ཡོད།
ཕྱི་ལོ་ ༡༩༩༢ ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་མོལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་ངོ་རྒོལ་བྱས་ཏེ་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས་ནས་༢༠༢༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་ལྷ་སར་སྐུ་ཚེའི་འཕེན་པ་རྫོགས་པའི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་ངོ་སྤྲོད་ཀྱི་ཚན་པ་གཉིས་པ་དེ་གཟིགས་འབུལ་ཞུ།
༡༩༩༢/༦/༣༠ ཉིན་མོལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་རྒྱ་གཞུང་གི་དཔོན་རིགས་དང་ས་གནས་མི་མང་༡༢༠༠ཙམ་འདུ་འཛོམས་སར་དཀོན་མཆོག་བློ་གྲོས་དང་། ལྷུན་གྲུབ། བསོད་ནམས་རིན་ཆེན། བསོད་ནམས་རྡོ་རི་རྣམས་ཀྱི་བོད་ཀྱི་རྒྱལ་དར་འཕྱར། བོད་རང་བཙན་ཡིན། གོང་ས་མཆོག་ཁྲི་ལོར་ཤོག་ཅེས་སྐད་འབོད་བྱས་རྗེས་བཙོན་དུ་བཅུག་ཡོད་པ་རེད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་བཟང་ཆོས་འབྱོར་ལགས་ནི། ནག་ཆུ་སོག་རྫོང་རོང་པོ་ཡུལ་ཚོར་༡༩༣༧ ལོར་སྐྱེས། ༡༩༦༦ ནས་༡༩༦༩ བར་ལོ་གསུམ་གྱི་རྒྱ་ནག་ལ་འཐབ་རྒོལ་བྱས་རྗེས་ལོ་༡༡ ལྷག་ལ་རྒྱ་ནག་གིས་བཙོན་འཇུག་བྱས། བཙོན་གྲོལ་བཏང་རྗེས་སེ་རའི་ཆོས་སྒོར་ཞུགས་ཀྱང་ ༡༩༩༨ ལོར་རྒྱ་གར་དུ་བཙན་བྱོལ་མ་ཡོང་དཀའ་མེད་ཆགས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༦༦ ནས་ ༡༩༦༩ བར་ལོ་གསུམ་གྱི་རིང་རོང་པོ་ཤང་གི་མི་གྲངས་ལྔ་རྒྱ་ལྷག་སྣེ་ཁྲིད་བྱས་ཏེ་རྒྱ་གཞུང་ལ་ཞི་དྲག་གཉིས་ཀྱིས་ལས་འགུལ་སྣ་ཚོགས་སྤེལ་མཁན་གྱི་གྲས་ཡིན་པ་ཆབ་སྲིད་བཙོན་ཟུར་བློ་བཟང་ཆོས་འབྱོར་ལགས་ངོ་སྤྲོད་ཚན་པ་དང་པོ་གཟིགས་འབུལ་ཞུ་རྒྱུ།
རྒྱུད་སྟོད་གྲྭ་ཚང་ནས་བོད་བསྟན་སྲིད་ཀྱི་ཞབས་རིམ་དང༌། ཡང་སྒོས་ཁ་བ་གངས་ཅན་པའི་བསྟན་སྲིད་ཀྱི་གཞི་རྩ་བླ་ན་མེད་པ་༧གོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་རིམ་བཅས་ལ་དམིགས་ནས། དེ་རིང་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་ལྕགས་མཁར་ཆེན་མོའི་ས་ཆོག་དང་མཆོད་བཞེངས་གནང་བའི་བརྙན་པར་གཟིགས་འབུལ་ཞུ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་རྒན་ཐུབ་བསྟན་འོད་ཟེར་ངོ་སྤྲོད། གཉིས་པ།ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༥༩ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ཁོང་ལ་ཁྱོན་མི་ལོ་ ༡༢ དང་ཟླ་བ ༦ ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་རྒན་ཐུབ་བསྟན་འོད་ཟེར་ལགས་ངོ་སྤྲོད་བྱས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པའི་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་ཟུར་དམ་པ་རྒན་ཐུབ་བསྟན་འོད་ཟེར་ངོ་སྤྲོད་ཞུས་ཡོད། ཁོང་ནི་༡༩༡༩ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ཞོག་ཏུ་འཁྲུངས་ཤིང་། ༡༩༥༩ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་མི་ལོ་ ༡༢ དང་ཟླ་བ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་སོགས་སྤྱན་འབུལ་ཞུ་རྒྱུ་ཡིན།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་ཀྱི་ཆབ་སྲིད་བཙོན་པའི་ངོ་སྤྲོད་ཀྱི་ལས་རིམ་ནང་འདས་པའི་༢༠༢༣ ལོའི་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་འཛིན་བཟུང་དང་། བཀག་ཉར། ཁྲིམས་ཆད་བཏང་བ། བཙོན་གྲོལ་ཐོབ་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཁག་དང་ཉམས་ཞིབ་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ཕྱོགས་བསྡུས་བྱས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྒྱ་ནག་གཞུང་གིས་ཐེངས་གསུམ་འཛིན་བཟུང་བཙོན་བཅུག་དང་། ཆབ་སྲིད་ཀྱི་ཉེས་མིང་འོག་ཁྱོན་བསྡོམས་མི་ལོ ༡༧ རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་ངོ་སྤྲོད་དུམ་བུ་གཉིས་པ་དེ་གཟིགས་འབུལ་ཞུ།
བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ངོ་སྤྲོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྒྱ་ནག་གཞུང་གིས་ཐེངས་གསུམ་ལ་འཛིན་བཟུང་བཙོན་འཇུག་དང་། ཆབ་སྲིད་ཀྱི་ཉེས་མིང་འོག་ཁྱོན་བསྡོམས་མི་ལོ ༡༧ རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་ངོ་སྤྲོད་བྱེད།
མང་སྣོན།