འཇར་མན་གྱི་འོས་བསྡུའི་ནང་འོས་གྲངས་མང་ཤོས་ཐོབ་པའི་རྗེས་སུ་འཇར་མན་སྲིད་བློན་རྗེས་མ་དེ་ཆགས་སྲིད་པའི་སྐུ་ཞབས་ FRIEDRICH MERZ ཡིས་ཨ་རིས་ཡུ་རོབ་ཀྱི་མ་འོངས་མདུན་ལམ་ཐོག་དོ་ཁུར་དེ་ཙམ་བྱེད་ཀྱི་མེད་པའི་ཉེན་བརྡ་བཏང་ཞིང་། ཡུ་རོབ་ཀྱིས་རང་ཉིད་ཀྱི་བདེ་འཇགས་ནུས་སྟོབས་སྒྲིག་འཛུགས་བྱེད་དགོས་པའི་རེ་སྐུལ་གནང་།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་དམག་འཁྲུག་ལངས་ནས་ལོ་བཞི་པར་སླེབས་པའི་སྐབས་འདིར། ཡུ་རོབ་ཀྱི་འགོ་ཁྲིད་ཚོ་དང་ཡུག་ཀེ་རན་གྱིས་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་སའི་གྲོས་མོལ་ནང་ཚུད་ཀྱི་མེད་པར་བློ་འཚབ་སྐྱེ་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
གཟའ་ཉི་མར་འཇར་མན་ནང་རྒྱལ་ཡོངས་འོས་བསྡུ་ཚོགས་རྒྱུ་ཡིན་ཞིང་། འོས་འཕེན་པ་ཚོར་ཕྱི་མི་གནས་སྤོ་བྱེད་རྒྱུ་དང་རྒྱུན་ལྡན་འཚོ་བའི་འགྲོ་གྲོན་འཕར་བ་ནི་གནད་དོན་གཙོ་བོ་ཆགས་ཡོད། འཇར་མན་གྱི་སྲིད་བློན་གསར་པ་ཆགས་རྒྱུའི་རེ་བ་ཡོད་པའི་འོས་མི་ཞིག་གིས་ཨ་རིས་འཇར་མན་གྱི་འོས་བསྡུར་ཐེ་བྱུས་གནང་སོང་ཅེས་སྐྱོན་འཛུགས་གནང་།