རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་ད་ཡོད་གནས་སྟངས་ལ་འགྱུར་བ་གཏོང་བའི་གོམ་སྟོབས་ཤུགས་ཆེ་རུ་བཏང་སྟེ། དམག་གྲུའི་འཕུར་ལམ་ལ་འགྱུར་བ་བཏང་ཡོད་པར་མ་ཟད། ཐེ་ཝན་ཅིང་མན་གླེང་ཕྲན་ཉེ་འཁོར་གྱི་རྒྱ་མཚོའི་མངའ་ཁུལ་ནང་འཆར་ཅན་སྐོར་གཡེང་གི་ལན་གྲངས་ཇེ་མང་དུ་གཏང་རྒྱུའི་འཆར་གཞི་ཁྱབ་བསྒྲཊ་བྱས་སྐོར་འདིར་གསལ།
ཨི་སི་རེལ་གྱི་བློན་ཆེན་ལས་ཁུངས་ཀྱིས་གཟའ་ཉི་མའི་ཉིན་ཕྱོགས་རེ་བའི་ངོས་ནས་པ་ལི་སི་ཐན་རྒྱལ་ཁབ་ངོས་འཛིན་བྱེད་པར་ངོ་རྒོལ་བྱེད་པ་ཡིན་ཞེས་བསྒྲགས། འདི་ནི་ཨ་རི་དང་རྒྱལ་ཁབ་གཞན་དག་གིས་ཞི་བདེ་མཉམ་གནས་ཀྱི་གནད་དོན་ཐག་གཅོད་ཡོང་བའི་འབོད་སྐུལ་རྒྱག་བཞིན་པའི་སྐབས་སུ་ཐག་གཅོད་གནང་བ་ཞིག་ཡིན་པའི་སྐོར་ངོ་སྤྲོད་བྱས་ཡོད།
ཨུ་རུ་སུའི་དབང་འཛིན་པ་རྣམས་ཀྱིས་ངོ་རྒོལ་ཕྱོགས་ཁག་གི་འགོ་ཁྲིད་ཨ་ལེག་སེ ཎ་ཝལ་ཎི་ལ་མྱ་ངན་ཞུ་མཁན་རྣམས་བཀག་ཉར་བྱེད་བཞིན་ཡོད། ཁོང་ནི་འདས་པའི་གཟའ་པ་སངས་ཉིན་འཛམ་གླིང་བྱང་སྣེའི་བཀག་ཉར་ཁང་ཞིག་ཏུ་བཙོན་འཇུག་འོག་འདས་གྲོངས་ཕྱིན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཀྱིས་དེའི་ཐད་ཨུ་རུ་སུ་ལ་ཁ་རྡུང་གཏོང་བཞིན་པ་རེད།
དེ་སྔ་བལ་ཡུལ་གྱི་ལྷ་ཁང་དང་དགོན་པ་སོགས་ནས་བརྐུས་ཏེ་ཕྱི་རྒྱལ་ཁག་ལ་ནག་ཚོང་བརྒྱབ་པའི་ལྷ་སྐུ་རྣམས་ཕྱིར་ཐོབ་རྒྱུར་བལ་ཡུལ་གཞུང་གིས་འབད་བརྩོན་བྱེད་བཞིན་ཡོད་པ་ལྟར་ཕྱི་ཟླ་དང་པོའི་ནང་ཧིན་རྡུ་ལྷ་སྐུ་ཁག་གཅིག་ཕྱིར་བལ་ཡུལ་དུ་གདན་འདྲེན་ཞུས་སྐབས་དད་ལྡན་པས་དགའ་བསུ་ཆེན་པོ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་སྒྲོན་ཞུ་གི་རེད།
རྒྱ་གར་གཞུང་ཁ་དན་ཚིག་ལ་མ་གནས་ཞེས་ཞིང་པ་ཚོས་བརྗོད་ནས་རྒྱ་གར་གྱི་ཞིང་པའི་སྐྱིད་སྡུག་མི་འདྲ་བ་༢༠༠ ལྷག་གིས་རྒྱ་གར་གཞུང་ལ་ངོ་རྒོལ་དབུ་བཙུགས་པ་ཞིག་མཇུག་བསྡུ་ཐབས་ལ་གཞུང་གིས་ཞིང་པའི་དབུ་ཁྲིད་ལ་བཀའ་མོལ་གནང་ནའང་ལམ་ལྷོངས་མ་བྱུང་པར་ངོ་རྒོལ་མུ་མཐུད་བྱེད་བཞིན་པ་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ལ་ཉམ་ཆག་ཆེན་པོ་བྱུང་བས་ན་གཞོན་ལས་ཤོར་བའི་གྲངས་ཀ་མང་དུ་འགྲོ་བཞིན་པ་དང་། གནོན་ཤུགས་འདིའི་འོག་ཏུ་ན་གཞོན་མང་པོ་ཞིག་གིས་ཐཱང་ཕིན་ནམ་ལེབ་ཉ་ཅེས་པའི་འཚོ་བ་སྐྱེལ་སྟངས་བདམ་བཞིན་པ་བཅས་ཀྱི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།
རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོར་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུག་ཀེ་རེན་དང་ཨི་སི་རེལ། ཐེ་ཝན་སོགས་ལ་ཁྱོན་ཨ་སྒོར་ཐེར་འབུམ༩༥ ཡི་རོགས་དངུལ་གནང་རྒྱུའི་ཁྲིམས་འཆར་ལ་གྲོས་འཆམ་བྱུང་ཡོད་ཀྱང་། སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཆགས་ཡོད་པའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེར་དགག་ཆ་སླེབས་སྲིད་ཀྱི་ཡོད་པ་རེད།
ཇོར་ཌན་རྒྱལ་ཁབ་ཀྱི་རྒྱལ་པོ་Abdullah སྐུ་ཕྲེང་གཉིས་པ་ལགས་ཀྱིས་སྲིད་འཛིན་བྷ་ཌན་དང་མཇལ་འཕྲད་ཀྱིས་མི་གཏའ་གློད་བཀྲོལ་དང་གྷ་ཛའི་མ་འོངས་པའི་གནས་སྟངས། དེ་བཞིན་ཨི་སི་རལ་གྱིས་རེས་གཟའ་ཟླ་བའི་ཉིན་གྷ་ཛ་ལྷོ་རྒྱུད་གྲོང་ཁྱེར་ར་ཧྥ་ལ་དྲག་རྒོལ་བྱས་ཡོད་པར་བློ་འཚབ་དང་སྐྱོན་བརྗོད་གནང་ཡོད་པ་ཚེ་རིང་དབང་མོས་ངོ་སྤྲོད་བྱས།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རབ་ཀྱི་གྲོང་ཁྱེར་ཨ་བྷུ དྷ་བྷེ་རུ་རྒྱ་གར་གྱི་སྲིད་བློན་ལ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། པ་ཀི་སི་ཐན་གྱི་འོས་བསྡུ་དང་སྲིད་དོན་ཚོགས་པ་ཁག་གི་མཉམ་འབྲེལ། ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྲིད་འཛིན་གྱི་དམིགས་བསལ་ཉེས་པ་ཆག་ཡང་ཐོབ་ཐང་ཐད་ཐག་གཅོད་གནང་རྒྱུ་བཅས་ཡོད།
ཚེས་༡༣དང་རེས་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་ཤིང་འབྲུག་ལོའི་ལོ་གསར་ལ་དགའ་སྟོན་གྱི་མཛད་སྒོ་ཞིག་གཉེར་ཡོད་པ་དང་། མཛད་སྒོའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ཀྱི་ལོ་གསར་ལ་བརྙན་པར་འཚམས་འདྲི་གནང་ཡོད
སྲིད་འཛིན་ཟུར་པ་ཊམ་གྱིས་ཨ་རི་དང་ནུབ་ཆིངས་སྒྲིག་འཛུགས་ཀྱི་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་ཚུལ་དེར་ཡུ་རོབ་ཀྱི་སྲིད་གཞུང་ཁག་དང་ནུབ་ཆིངས་ཀྱིས་སྐྱོན་བརྗོད་གནང་། སྲིད་འཛིན་ཟུར་པས་གལ་སྲིད་ཁོང་རང་བསྐྱར་དུ་སྲིད་འཛིན་འོས་འདེམས་ཐོབ་པ་ཡིན་ན་ཨུ་རུ་སུས་ཡུ་རོབ་ཀྱི་མཐུན་ཕྱོགས་རྒྱལ་ཁབ་འགར་བཙན་རྒོལ་བྱས་ཆོག་པ་བརྗོད་ཡོད།
འཛམ་གླིང་སྟེང་མི་འབོར་མང་ཤོས་གྲས་ཡིན་པའི་ཨིན་རྡུ་ནེ་ཤི་ཡའི་ནང་། གཟའ་ལྷག་པའི་ཉིན་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ད་སྔ་སྲིད་འཛིན་འོས་མི་གསུམ་ཡོད་པའི་གྲས་ནས་མི་གཅིག་ལ་རྒྱབ་སྐྱོར་ཆེ་ཤོས་ཐོབ་ཀྱི་ཡོད་ནའང་ད་དུང་བརྒྱ་ཆའི་ལྔ་བཅུའི་ཚད་ལ་ལོངས་མེད་པ་སོགས་ཀྱི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ།
ནིའུ་ཡོག་གྲོང་ཁྱེར་གྱི་འཁྲུག་ཆ་དོད་པའི་ཁྲོམ་གཞུང་དང་གནམ་བསྙེགས་ཁང་ཆེན་དེ་དག་གིས་འཛམ་གླིང་གང་སའི་ཕྱི་མི་གནས་སྤོ་བ་རྣམས་ཀྱི་ཡིད་དབང་འཕྲོག་གི་ཡོད། ཨ་རིའི་གྲོས་ཚོགས་ནང་འགོག་རྐྱེན་འཕྲད་བཞིན་པའི་ཁྲིམས་འཆར་དང་གཞུང་འབྲེལ་མི་སྣ་ཁག་གི་གཏམ་གླེང་བྱེད་ཚུལ་ནི་འོས་བསྡུའི་ནང་རྩོད་གླེང་ཅན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད
རང་བཙན་བསྐྱར་བསྒྲགས་གནང་བའི་རྗེས་དྲན་སྲུང་བརྩི། གཞིས་བཞུགས་བོད་མིའི་གསང་གནས་ལྐོག་ཉན། དབྱིན་ཡུལ་གྲོས་ཚོགས་སུ་བོད་ཀྱི་ལོ་གསར་སྲུང་བརྩི། གནམ་ལོ་གསར་ཚེས་ལ་ཕུལ་བའི་བྱིས་པའི་ཕྱག་རྟགས། བོད་པའི་རྒྱལ་དར་འཕྱར་ཡུག་བཀག་འགོག་རྩིས་མེད།
ཡུག་ཀེ་རན་དང་ཨུ་རུ་སུའི་གཉིས་དབར་དམག་འཁྲུག་ལངས་པ་དང་་བསྟུན་ནས། ཡུག་ཀེ་རན་གྱི་ནང་དུ་དེ་སྔོན་ཨུ་རུ་སུ་དམར་པོའི་དུས་སྐབས་སུ་བསྐྲུན་པའི་དྲན་རྟེན་གྱི་རྡོ་རིང་དང་འདྲ་སྐུ། ཨུ་རུ་སུའི་གཞུང་འཛིན་གྱི་རྟགས་མཚན་ཡོད་ཚད་རྩ་གཏོར་གཏོང་བའི་ཐད་རྩོད་གླེང་སྣ་ཚོགས་ཤིག་ཡོང་བཞིན་པའི་སྐོར་འདིར་གསལ།
ཨི་སི་རེལ་གྱི་སྲིད་བློན་གྱིས་ཕྱི་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པར་ལྟོས་མེད་ཀྱིས་ར་ཧྥ་ས་ཁུལ་གྱི་ནང་ས་ཐོག་དྲག་རྒོལ་བྱེད་རྒྱུའི་དམིགས་ཡུལ་དེ་ནན་བརྗོད་གནང་ཡོད། འོན་ཀྱང་གྷ་ཛ་དང་ཨི་ཇིབ་ཀྱི་ས་མཚམས་མངའ་ཁུལ་དེའི་ནང་གནས་སྡོད་པ་ལི་སི་ཐན་པ་ས་ཡ་གཅིག་ལྷག་ཙམ་ཡོད་པ་རྣམས་ས་ཁུལ་འདི་ནས་འགྲོ་ས་མེད་པར་ལྷག་ཡོད།
སྤྱི་ཟླ་༢ པའི་ཚེས་༧ ཉིན་ལ་གཙུག་གཡུ་དང་བོད་གནས་ལྟ་ཞིབ་ཅེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ནས། ༢༠༢༡ ལོར་རྒྱ་ནག་གིས་བཏོན་པའི་མིང་ལ་རྒྱལ་ཁབ་ཀྱིས་མགོ་སྐོར་བསླུ་བྲིད་གཏོང་བར་སྔོན་འགོག་ཅེས་པའི་མཉེན་ཆས་རྩོད་གཞི་ཅན་དེའི་སྐོར་ལ་ཉམས་ཞིབ་གཏིང་ཟབ་བྱས་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་སྐོར་འདིར་གསལ།
༄༅། །ལ་དྭགས་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གནང་བ།
བོད་རྒྱལ་ལོ་ ༢༡༥༡ ཤིང་འབྲུག་ལོའི་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་སྐབས་དེར་ང་ཚོའི་ལས་རིམ་གསན་གཟིགས་གནང་མཁན་ཡོངས་ལ་ཨ་རིའི་རླུང་འཕྲིན་ཁང་གིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་བོད་པའི་སྒྱུ་རྩལ་པ་རྣམ་སྲས་གླིང་བློ་བསྟན་ལགས་ཀྱི་འབྲས་དཀར་བསམ་པའི་དོན་གྲུབ་འདི་གཟིགས་འབུལ་ཞུ་རྒྱུ་ཡིན།
བོད་རྒྱལ་ལོ་༢༡༥༡ རབ་བྱུང་བཅུ་བདུན་པའི་ཤིང་ཕོ་འབྲུག་གི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཆེད། འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་གསན་གཟིགས་གནང་མཁན་ཡོངས་ལ་བཞུགས་སྒར་དྷ་རམ་ས་ལ་ནས་དམིགས་བསལ་གྱི་ལོ་གསར་ལས་རིམ་ཞིག་གཟིགས་འབུལ་ཞུ་རྒྱུ་ཡིན། ང་ཚོའི་གསན་གཟིགས་གནང་མཁན་ཡོངས་ལ་འབྲུག་ལོ་གསར་ཚེས་ཀྱི་བཀྲ་ཤིས་བདེ་ལེགས་ཞུ།།
མང་སྣོན།