རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཁབ་ཁག་འདྲ་མིན་གྱི་་ནང་པའི་འདུལ་བ་འཛིན་པའི་མཁས་དབང་རྣམས་གདན་ཞུས་ཐོག་དབུ་འཛུགས་གནང་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་ངོ་སྤྲོད་ཞུས་ཡོད།
རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་ཚོས་དེ་རིང་ཕྱི་ཚེས་༡༠ ཉིན་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་༣༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།
སྦེང་ལོར་ཏཱ་བླའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་གོ་སྒྲིག་གནང་ཏེ་མཐོ་སློབ་དེའི་ནང་ཉམས་ཞིབ་སྡེ་ཚན་གསར་པ་ཞིག་དབུ་འབྱེད་དང་ཆབས་ཟླ་༡༢ ཚེས་༢ ནས་༧བར་བདུན་ཕྲག་གཅིག་རིང་བོད་ཀྱི་བདུན་ཕྲག་ཞེས་པའི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་གར་སློབ་ཕྲུག་དང་མང་ཚོགས་ལ་བོད་ཀྱི་སྐོར་གཞི་རྒྱ་ཆེ་བའི་གོ་རྟོག་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཟབ་སྦྱོང་ཐེངས་༢༡ པ་དེ་ཟླ་འདིའི་ཚེས་༣ ནས་འགོ་འཛུགས་ཀྱི་ཉིན་གྲངས་ལྔ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གླིང་དུ་ཚོགས་བཞིན་པ་དང་གཞོན་སྐྱེས་༣༥ མཉམ་ཞུགས་བྱས་ཡོད། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གདན་ཞུ་གནང་ཡོད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་༡༡ ཚེས་༢༨ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་མི་མང་ཚོགས་ཁང་ནང་མང་ཚོགས་ལ་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་བསྩལ་གནང་བའི་བོད་ཀྱི་མང་གཙོའི་ལམ་ལུགས་ཀྱི་འཕེལ་རིམ་དང་རིན་ཐང་སྐོར་དང་། དེ་བཞིན་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་གསུང་བཤད་གནང་།
ཕྱི་ཟླ་༡༡་ཚེས་༢༧ ཉིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། ཨ་རིའི་སྨོན་ལམ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་དགའ་ལྡན་ཁྲི་ཐོག་བརྒྱ་དང་༡༠༥པ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་དང་དགའ་ལྡན་ཁྲི་ཐོག་༡༠༤པ་ཁྲི་ཟུར་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
དེ་རིང་རེས་གཟའ་མིག་དམར་ཉིན་བྱེས་ཀྱི་གདན་ས་དགའ་ལྡན་དུ་དགའ་ལྡན་ཁྲི་རབས ༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་གསེར་ཁྲི་ལ་མངའ་གསོལ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་དང་། བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ནི་མཛད་སྒོར་མཉམ་ཞུགས་གནང་ཞིང་། དགའ་ལྡན་ཚོགས་ཆེན་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་རེད།
བོད་ཀྱི་སྐད་ཡིག་དང་རིག་གནས་ཐད་མཛད་རྗེས་ཆེ་བའི་མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་དགུང་གྲངས་༩༡ ཐོག་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བོད་ཕྱི་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམ་པ་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་འབྲེལ་མྱ་ངན་ཞུ་བཞིན་ཡོད་པ་རེད།
སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བོད་ཀྱི་སྒྲ་སྒྱུར་ཉམས་་ཞིབ་ཁང་གིས་བོད་སྒྱུར་བྱས་པའི་བྱིས་སྒྲུང་དེབ་ཕྲེང་བཅུ་གཉིས་༡༢ སྦེལ་ཀོབ་གཞིས་གྲོང་ཁག་ནང་ཕྲུ་གུ་མང་ཤོས་ལུགས་བསམ་གྲོང་སྡེ་བདུན་པའི་ཚོགས་ཁང་ནང་དབུ་འབྱེད་གནང་སོང་།
ཕྱི་ཟླ་བཅུ་ཅིག་གི་ཚེས་༧ བོད་ནང་གི་ཐོ་རེངས་ཚོུད་༤ དང་སྐར་མ་༢༠ ཐོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་༡༠༦ ཙམ་གྱི་སར་ཡོད་པའི་མལ་གྲོ་གུང་དཀར་ལ་ས་ཡོམས་ཤུགས་ཚད་རིམ་པ་བཞི་དང་ཚེག་བདུན་དང་གཏིང་ཚད་རིམ་པ་སྤྱི་ལེ་བཅུ་བརྒྱབ་ཏེ་མི་རྣམས་འཇིགས་སྣང་ཆེན་པོ་བྱུང་འདུག
༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས་དབུལ་སྐྱོར་འཛུགས་སྐྲུན་གྱི་མིང་ཐོག་ནས་ཁམས་གོ་འཇོ་དང་སྨར་ཁམས་ཁུལ་སོགས་ནས་བོད་མི་སྟོང་ཕྲག་མང་པོ་བཙན་དབང་གིས་གནས་སྤོ་བྱེད་འཇུག་ནས་ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་དུ་སྤོ་བཞུད་བྱེད་བཅུག་ཡོད།
༢༠༢༤ ཟླ་༡༠ ཚེས་༡༦ ཉིན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་འི་ཚོགས་ཆེན་ཞིག་འཚོགས། སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་དང་། ས་གནས་དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་གནང་།
ཚེས་༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ཧི་དན་ཀྱོའི་ཚོགས་གཙོ་ལྷན་རྒྱས་སྐུ་ཞབས་ཊེ་རུ་མི་ཊ་ན་ཀ་དང་། སྐུ་ཞབས་ཤི་གེ་མི་ཙུ་ཊ་ན་ཀ སྐུ་ཞབས་ཊོ་ཤི་ཡུ་ཀི་མི་མ་ཀི་བཅས་ཀྱི་མཚན་ཐོག་ལ་ཚོགས་པ་དེར་ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་གཏན་འཁེལ་བར་དགའ་བསུའི་འཚམས་འདྲི་མཛད་པའི་ཕྱག་བྲིས་ཤིག་སྩལ་གནང་འདུག
རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་༥༩ ཙམ་གྱི་མི་སེར་ལ་ཐོངས་མཆན་ཆག་ཡང་གི་ཐོག་ནས་རྒྱ་ནག་ཏུ་འགྲོ་སྐྱོད་ཆོག་པའི་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱས་ཡོད་ནའང་། ཕྱི་རྒྱལ་གྱི་མི་སེར་ཡིན་པའི་བོད་མི་ཚོར་དམིགས་བསལ་དཀའ་ངལ་འཕྲད་བཞིན་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་ངོ་སྤྲོད་ཞུས་གནང་བ་འདིར་གསལ།
ཕྱི་ལོ་༢༠༢༤ ཟླ་༩ ཚེས་༡༡ ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་དགེ་ལུགས་པའི་བསྟན་བདག་རྣམ་གསུམ་ལ་བརྟན་བཞུགས་ཕུལ་ཡོད་པ་དང་། བསྟན་བདག་རྣམ་གསུམ་ལ་དུས་གཅིག་ཏུ་བརྟན་བཞུགས་ཕུལ་བ་དེ་ནི་ཐེངས་དང་པོ་ཡིན་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
གདན་ས་གསུམ་དུ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཐེངས་༤༩ པ་དེ་ཚུགས་ཡོད་ཅིང་། རྒྱུགས་སྤྲོད་དེ་ནི་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་ཆེད་ལོ་ངོ་དྲུག་རིང་གི་དུས་ཡུན་ཅན་གྱི་རྒྱུགས་སྤྲོད་ཆེན་མོ་ཞིག་ཡིན་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བ་དང་ཆོས་སྡེ་བཀྲིས་ལྷུན་པོས་མཐུན་འགྱུར་གནང་བའི་འོག་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་ཤིག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིའི་བཀྲ་ཤིས་ལྷུན་པོ་དགོན་པའི་ཆོས་རྭར་འཚོགས་ཡོད་པའི་སྐོར་འདིར་གསལ།
སེ་ར་ཐེག་ཆེན་གླིང་གི་སེར་བྱེས་སྒོ་མོ་རིན་པོ་ཆེས་དབུ་ཁྲིད་པའི་"ངས་ཚེ་སྲོག་ཞིག་སྐྱོབས་" ཞེས་པའི་ཐེབས་རྩ་ཚོགས་པས་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཉེ་འཁོར་གྱི་ཀ་ར་དི་བོཀ་ཀེ་གྲོང་གསེབ་ཀྱི་རྒྱ་གར་ཉམ་ཐག་ཁྱིམ་ཚང་ ༢༣་གྱི་ནང་མི་རྣམས་ལ་འཕྲོད་བསྟེན་གོ་རྟོགས་སྤེལ་ནས་ཟས་སྦྱིན་བྱས།
དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་མང་ཚོགས་བཅས་ལ་་སློབ་གྲྭའི་ཕྱི་ནང་མཐུན་རྐྱེན་དང་སློབ་ཕྲུག་གི་ཤེས་ཡོན་བཅས་པར་བསྔགས་བརྗོད་གནང་ཞིང་། གདན་ས་གསུམ་གྱི་ཚོགས་འདུ་ཚོགས་ཏེ་གྲྭ་ཚང་སོ་སོར་སློབ་གྲྭ་འཛུགས་དགོས་པའི་འཆར་གཞི་གྲོས་བསྡུར་གནང་ཚུལ་ངོ་སྤྲོད་གནང་
རྒྱ་གར་ལྷོ་ཕྱོགས་སེར་ར་ཐེག་ཆེན་གླིང་སོགས་བོད་ཀྱི་ནང་པའི་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་བོད་ཟླ་དྲུག་པའི་ཚེས་ཚེས་༡༦ ཉིན་ནས་དབྱར་སྔ་མ་ཟླ་བ་གསུམ་དབྱར་གནས་ལ་བཞུགས་པའི་དབུ་ཚུགས་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།