ཉེ་ལམ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་མཚན་སྨོད་སྐུར་འདེབས་བྱས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཧི་མ་ཡ་ལའི་སློབ་ཕྲུག་མཐུན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་བཞུགས་སྒར་དུ་མི་མང་སྟོང་ཕྲག་བརྒལ་བས་མེག་ལོར་གྷན་ཇི་ནས་རྡ་ཤོད་ཀ་ཅ་རི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཚེས་ ༡༧ ཉིན་སྤེལ་སོང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིར་རྟེན་གཞི་བྱས་པའི་ Young President's Organization རྒྱལ་ཁབ་འདྲ་མིན་༡༣༠ ཙམ་གྱི་བཟོ་ཚོང་ཁེ་ལས་ཕྱུག་བདག་མཉམ་འདུས་ཀྱི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཚེས་༧ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཚོགས་བཅར་བ་རྣམས་དང་ལྷན་མཇལ་མོལ་དང་བཀའ་འདྲི་བཀའ་ལན་གྱི་མཛད་རིམ་ཞིག་བསྐྱངས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པ་མཇལ་བཅར་བ་ཁག་ཅིག་ལ་རང་ཉིད་བོད་པ་ཡིན་པའི་སྤོབས་པ་དང་བོད་པ་ཡིན་པའི་རྟགས་མཚན་ལ་སེམས་པ་བཟང་པོ་བྱ་དགོས་པའི་བཀའ་གནང་ཡོད་པའི་སྐོར་བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༢༢་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཕྱི་ཚེས་༢༨་ཉིན་བཏོན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་ཞབས་པད་བརྟན་ཕྱིར། ཚེས་ ༡༥ ཉིན་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
བཞུགས་སྒར་དྷ་རམ་ས་ལར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་ཐུན་མོང་གིས་སྣེ་ཁྲིད་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཉེ་འགྲམ་དཔའ་བོའི་རྡོ་རིང་ཡོད་བུད་མེད་སྒེར་ལངས་ཐེངས་ ༦༤ སྲུང་བརྩི་ཞུས་རྗེས་ཁྲོམ་སྐོར་སྐད་འབོད་བྱས་འདུག་པའི་སྐོར།
སོག་ཡུལ་གྱི་དགའ་ལྡན་ཐེག་ཆེན་གླིང་དང་བླ་སྤྲུལ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༨ དང་༩ གཉིས་བཅས་ཉིན་གཉིས་རིང་བདེ་མཆོག་ནག་པོ་བའི་སྔོན་འགྲོ་སྟ་གོན་དངོས་བཞི་བཀའ་དབང་བཅས་ལེགས་པར་གྲུབ་པ་དང་། དགའ་ལྡན་ཐེག་ཆེན་དགོན་དང་སོག་རིགས་དད་ལྡན་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྡུས་པ་ཞིག་ཀྱང་བསྟར་འབུལ་ཞུས་སོང་།
ཏོག་དབྱིབས་ནད་དུག་ཁྱབ་གདལ་རྗེས་བཞུཊ་སྒར་དུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མ་དེ་དབུ་འཛུཊ་གནང་ཡོད་ཅིང་།འདི་ཚེས་༣ནས་འགོ་འཛུཊ་ཀྱིས་ཚེས་༧ བར་ཉིན་གྲངས་ལྔའི་རིང་འཚོག་གནང་རྒྱུ་ཡིན་པ་དང་།ཉིན་མཐའ་མའི་ཉིན་༧གོང་ས་མཆོག་གིས་སྐྱེས་རབས་ཀྱི་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་སྐོར་འཇམ་དབྱངས་རྒྱ་མཚོས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་མཐོ་སློབ་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༣ ལོའི་ཤེས་རིག་སློབ་ཡོན་འཆར་གཞི་གསར་པའི་ཐད་བཅར་འདྲི་ཞུས་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གྲོང་ཁྱེར་ཧ་རི་ཡ་ནར་རྟེན་གཞི་བྱས་པའི་ M3M ཐེབས་རྩས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་༢ ཚེས་ ༢༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེབས་རྩ་དེ་གའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་རྒྱ་གར་གྱི་མཐོ་རིམ་སློབ་མ་བརྒྱ་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ།
བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་བཙུཊ་ནས་མི་ལོ་ ༡༠ འཁོར་བའི་མཛད་སྒོ་ཞིག་འདི་ཚེས་ ༡༦ ཉིན་བོད་ཀྱི་ཟློས་གར་ཚོཊ་པའི་ཚོཊ་ཁང་དུ་འཚོཊ་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཞབས་ཞུ་ཁང་དེ་བཞིན་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དྲན་དེབ། ངོ་བོ་ཞེས་པ་ཞིག་ཀྱང་དབུ་འབྱེད་གནང་འདུག་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་གནང་བ་འདིར་གསལ།
བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཚོགས་པས། ཁམས་བྲག་མགོར་རྒྱ་གཞུང་གིས་དམ་དྲག་དང་། ལྷག་པར་དུ་ནང་པའི་སྐུ་བརྙན་གཏོར་བཤིག་བཏང་བ་སོགས་ཆོས་ལུགས་ལ་གཏོར་རྒོལ་ཛ་དྲག་བྱུང་བའི་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག་འདིར་གསལ།
འཕྲུལ་རིག་ཆེད་ལས་པ་དང་སློབ་གསོ་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཧི་མ་ལ་ཡའི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པར་རྒྱབ་སྐྱོར་མཚོན་ཆེད་དུ། བཞུགས་སྒར་རྡ་རམ་ས་ལའི་ཁྲོམ་དཀྱིལ་དུ་ལ་དྭགས་པ་སོགས་དང་བླངས་བ་ཁག་ཅིག་གིས་ཁོང་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་གནང་སོང་།
༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་བ་གཅིག་ལྷག་ཙམ་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཚེས་༢༣ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀངྒ་ར་གཱ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སོགས་ཕེབས་བསུར་བཅར་འདུག
ད་རེས་ཀྱི་ཀུན་གླེང་ལེ་ཚན་འདིའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༢༢ ལོའི་ནང་གི་གལ་གནད་ཆེ་བའི་ལས་དོན་ཁག་ཅིག་དང་འབྲེལ་བའི་སྐོར་ལ་གླེང་མོལ་ཞུས་པ་ཡིན།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཆར་ཁག་ཅིག་དང་། དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་བསྐྱང་གནང་མཛད་སླད། བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་འདི་ཚེས་ ༡༩ ཉིན་ཆིབས་ཞལ་བསྒྱུར་གནང་མཛད་པ་དང་།གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་མ་ཐག་གསར་འགོད་པ་ལ་བཀའ་ལན་གནང་བ་རེད།
དཔེ་ཀློག་ལེ་ཚན་ལ་ཀིརྟི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་རེ་མདོ་སེངྒེས་བརྩམས་པའི་དཔེ་དེབ་པོད་ཕྲེང་བཅུ་གཅིག་གི་བདག་ཉིད་དུ་གྲུབ་པ་སྟེ་རིག་གཞུང་ནོར་བུའི་སྐར་ཚོམས་ཞེས་རྩོམ་རིག་དང་རིག་གཞུང་། གྲུབ་མཐའི་རྣམ་བཤད་སོགས་བརྗོད་བྱ་སྣ་ཚོགས་འདུས་པ་དེའི་ཐད་བཅར་འདྲི་ཞུས་ཡོད།
.༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་དང་ཨ་རི་ཨེ་མོ་རི་གཙུག་ལག་སློབ་ཆེན་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བའི་བློ་གྲོས་དང་བྱམས་བརྩེ་སློབ་པའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི་འམ་སཱི་ཤེས་ཡོན་སློབ་གསོའི་ཚོགས་འདུ་དེ་བཞིན་ཉིན་གྲངས་གཉིས་རིང་བཞུགས་སྒར་དུ་སྐོང་འཚོགས་གནང་སྟེ། འདི་ཚེས་ ༡༠ ཉིན་མཇུག་སྒྲིལ་གནང་ཡོད་འདུག
ཐེངས་འདིའི་ཁ་བའི་མི་སྣའི་ལེ་ཚན་ནང་༧སྐུའི་བླ་སྨན་དང་རྒྱ་གར་གྱི་སྙན་གྲགས་ཅན་གྱི་སྤྱི་དམངས་གཟེངས་རྟགས་པདྨ་ཤྲི་བཞེས་མྱོང་མཁན། སྐུ་གཤེགས་རྔོགས་རིགས་དགེ་སློང་ཡེ་ཤེས་དོན་ལྡན་གྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ། དམ་པ་ཁོང་གི་དངོས་སློབ་ཨེམ་ཆི་སྐལ་བཟང་དོན་ལྡན་ལགས་དང་ལྷན་དུ་བཀའ་མོལ་ཞུས་པར་གཟིགས་གནང་རོགས།།
༸གོང་ས་མཆོག་གིས་འདི་ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཟུར་མཇལ་བསྩལ། སྲིད་སྐྱོང་མཆོག་ལ་དེ་དོན་བཅར་འདྲི་ཞུས་པར། བཀའ་ཤག་སྐབས་ ༡༦ པའི་འདས་པའི་ཟླ་ཤས་རིང་གི་ལས་དོན་ཁག་སྙན་སྒྲོན་དང་། སྔར་རྒྱུན་ལྟར་སྐབས་དུས་སུ་མགོན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཞུ་ཆེད་དུ་མཇལ་བཅར་ཞུས་ཡོད་གསུངས།
མང་སྣོན།