དྲ་སྣང་གི་བོད། ༢༠༢༣ ཟླ་༤ ཚེས་༢༡ དེ་རིང་གི་དྲ་སྣང་གི་བོད་དུ་རྒྱའི་དྲ་ལམ་དུ་༧གོང་ས་མཆོག་གླེང་སྟངས་དང་། དྲ་ལམ་དུ་བདེན་པའི་རྒྱབ་ལངས་ཀྱི་ལས་འགུལ་སྤེལ་སྟངས། ༧གོང་ས་མཆོག་གི་མཛད་པ་ལོག་འགྲེལ་གྱི་བྱུང་རིམ་སོགས་ཡོད།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ་དང་གྲོགས་པོ་ཕི་ཊར་བྷ་རོང་ལགས་གདན་འདྲེན་བྱས་ནས་ཁོང་གིས་དང་ཐོག་བོད་དོན་རྒྱབ་སྐྱོར་བྱས་ཚུལ་དང་། ད་ལྟའི་བོད་དོན་ལས་འགུལ་ལ་ལྟ་སྟངས་སོགས་ཀྱི་ཐད་གླེང་མོལ་བྱས་ཡོད།།
དེ་རིང་གི་དྲ་སྣང་གི་བོད་དུ་༧གོང་ས་མཆོག་གི་མཇལ་ཁའི་བརྙན་ཐུང་དང་འབྲེལ་བའི་ཐད་གོ་བ་ལོག་སྒྲུབ་ཀྱི་གནས་ཚུལ་བྱུང་མ་ཐག་རྒྱལ་སྤྱིའི་དྲ་ལམ་ཁག་ཏུ་གསལ་བཤད་གནང་མཁན་བོད་མི་དགུ་ལ་འབྲེལ་བ་བྱས་ཏེ། བོད་མི་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་བཀའ་འདྲི་ཞུས་ཡོད།
བོད་སྐད་ཡིག་ལ་བྷོ་ཊའི་སྐད་ཡིག་ཅེས་འབོད་འོས་མིན་ལ་བགྲོ་གླེང་། བོད་ནང་གི་རྒྱ་མི་ཞེས་པའི་རྒྱའི་དྲིལ་བསྒྲགས་ངོ་ཤེས་དགོས་པའི་གོ་རྟོགས་སྤེལ་ས། ནི་ཏཱརྠ་དྲྭ་རྒྱའི་དཔེ་མཛོད་ངོ་སྤྲོད། ནེའུ་ཡོག་ནས་འཚར་བའི་བུ་མོ་ཆུང་ཆུང་ཞིག་གི་གཞས་གསར་བ་བཅས་ཡོད།
དྲ་སྣང་གི་བོད། ༢༠༢༣ ཟླ་༣ ཚེས་༣༡ དེ་རིང་གི་དྲ་སྣང་གི་བོད་དུ་གྲོས་ཚོགས་འཐུས་མིར་དྲ་ལམ་ནས་ཞུ་གཏུག་ཞུ་ས། ཆབ་སྲིད་བཙོན་ཟུར་ཞིག་གིས་ཆབ་སྲིད་བཙོན་པ་ཞིག་ལ་ཕུལ་བའི་འཕྲིན། འབྲས་སྤུངས་སྒོ་མང་གི་གློག་རྡུལ་གཙུག་ལག་དྲ་མཛོད་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་ལ་ཕེབས་མཁན་གྱི་མི་སྣ་༡༥༠ ལྷག་གི་གྲས་ནས་བློ་གྲོས་རྒྱ་མཚོ་ལགས་དང་རྟ་མགྲིན་ཚེ་བརྟན་ལགས་གཉིས་གདན་འདྲེན་ཞུས་ཏེ་བོད་དོན་ཞུ་གཏུག་གི་ཉམས་མྱོང་དང་མཐོང་ཐོས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ཨ་རིའི་རྒྱལ་ས་ཝ་ཤིང་ཏོན་དུ་སྤྱི་ལོ་༢༠༢༣་ལོའི་ཞུ་གཏུག་ཐེངས་བཅོ་ལྔ་བ་འདིའི་སྐབས་སུ་བོད་དོན་དཀའ་ངལ་སེལ་བའི་ཁྲིམས་འཆར་ཞེས་པ་འདི་ཞུ་གཏུག་གི་ནང་དོན་གཙོ་བོ་ཡིན་པ་རེད།
ཐེངས་འདིའི་དྲ་སྣང་གི་བོད་དུ་བོད་དོན་ལས་འཆར་ལ་ཨ་སྒོར་ས་ཡ་གསུམ་རག་རྒྱུར་སྙན་ཞུ་ཕུལ་ས། ལོ་ཙཱ་བའི་ཁང་བ་ཞེས་པའི་དྲ་ཚིགས། བཙན་བྱོལ་བོད་པ་རྒྱའི་དྲིལ་བསྒྲགས་ལ་ཡིད་ཆེས་བྱེད་བཞིན་པ། བསྟན་འཛིན་ནོར་བུའི་ཅ་ལག་བསྐྱར་ཚོང་གི་དྲ་ལམ་ཚོང་ཁང་བཅས་ཡོད།
དེ་རིང་གི་ཀུན་གླེང་ལས་རིམ་དུ་ཞིས་ཨུ་རུ་སུར་བསྐྱོད་པའི་མཚོན་དོན་སྐོར་ལ་འདི་ག་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལ་བཅར་འདྲི་བཞུས་ཡོད།
དེ་རིང་གི་ཀུན་གླེང་ལས་རིམ་དུ་ལྕམ་སྐུ་པི་ལོ་སི་ལ་ཐུགས་རྗེ་ལེགས་འབུལ་གྱི་གྲོས་ཆོད་སྐོར་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལ་བཅར་འདྲི་བཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ལྕམ་སྐུ་པི་ལོ་སི་ལ་ཐུགས་རྗེ་ལེགས་འབུལ་གྱི་གྲོས་ཆོད། ཁ་ཆེ་དང་ནང་པའི་ཁོར་ཡུག་ཚོགས་པར་མཇལ་ཁ་བསྩལ་བ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ། ཐེ་ཝན་དང་འཇར་མན་གཉིས་ཀྱི་ཚན་རིག་མཉམ་ལས་ཀྱི་གྲོས་མཐུན་སོགས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་༼དར་དམར་གོན་གྱིན་པའི་བཙན་བྱོལ་བ་༽ཞེས་པའི་རྩོམ་ཡིག་དང་། ཨོ་སེ་ཁཱ་གློག་བརྙན་དུས་སྟོན་དང་འབྲེལ་བའི་དཔྱད་གླེང་། ཟངས་དཀར་འཇམ་དབྱངས་ལགས་ཀྱི་རྩོམ་ཡིག་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་བོད་གཞུང་མང་ལྷ་མི་ཡོངས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས། ཨ་རི་དང་དབྱིན་ཇི། ཨོ་སི་ཀྲོ་ལི་ཡ་གསུམ་གྱི་གྲོས་མཐུན། ཨ་རིའི་དངུལ་ཁང་གནས་སྟངས་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ལ་བོད་དོན་ལས་འགུལ་གྱི་གནས་བབ་ཐད་བགྲོ་གླེང་ཞུས་ཡོད།།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་ལྷན་རང་དབང་ཁང་ཁྱིམ་གྱི་སྙན་ཐོ་དང་རྒྱ་ནག་གི་ཚོགས་ཆེན་གཉིས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
དེ་རིང་གི་དྲ་སྣང་གི་བོད་དུ་ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་ཀྲིན་ཙི་ཏན་ལ་ངོ་རྒོལ་གྱི་དྲ་ལམ་ལས་འགུལ། རྒྱུད་གཅིག་ལམ་གཅིག་གི་རྒྱབ་ཏུ་ཞེས་པའི་རྒྱུན་ཤེས་དང་གྲངས་མཛོད་ངོ་སྤྲོད་ཀྱི་དྲ་གནས། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ཡིག་མཛོད་དྲ་ཚིགས་ཤིག་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་རྣམ་གཉིས་དང་ད་ལོའི་རྒྱ་ནག་གི་ལོ་འཁོར་ཚོགས་ཆེན་གཉིས་ཀྱི་དམིགས་བསལ་ལས་དོན་དང་དོ་སྣང་བྱ་ཡུལ་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་རྣམ་གཉིས་དང་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ཐད་ཉན་ཞིབ་དང་གྲོས་ཆོད་རིམ་པར་བཞག་པའི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན་།
དྲ་སྣང་གི་བོད་དུ་༧གོང་ས་མཆོག་དང་དུས་བབ་དུས་དེབ་ཀྱི་འབྲེལ་བ། བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཏུ་བོད་པ་སྣེ་ལེན་གྱི་དྲིལ་བསྒྲགས། ལོ་མི་སར་བའི་ལས་འགུལ་ཐེངས་བཅུ་བ། ཀྲིག་ཀྲོག་བཀག་སྡོམ། ཧྥ་ཇག་ཡི་གེ་བ་ཞེས་པའི་དྲ་ཚིགས་གསར་བ། ཚེ་དབང་ནོར་བུ་རྗེས་དྲན་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀ་བཙན་བླ་མ་སྐྱབས་ལགས་དང་ལྷན་ཉེ་ཆར་དགོངས་པ་རྫོགས་པའི་དགེ་རྒན་ཆེན་མོ་དང་ལོ་ཙཱ་བ་སངས་རྒྱས་ལགས་ཀྱི་སྐུ་ཚེའི་མཛད་རྗེས་ཐད་བགྲོ་གླེང་ཞུས་ཡོད།
མང་སྣོན།