ན་ནིང་ལོར་རྒྱ་ནག་གཞུང་གིས་ཡུལ་འདིའི་ཕྱི་སྲིད་བློན་ཆེན་ཆིན་ཀང་གློ་བུར་དུ་གནས་དབྱུང་བཏང་བའི་རྗེས། ད་ལོའི་ཟླ་བ་གསུམ་པའི་ནང་ཕྱི་སྲིད་བློན་ཆེན་གསར་པ་ཞིག་བསྐོ་བཞག་བྱེད་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་འདུག འདིའི་སྐོར་ཞིབ་ཕྲ་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་ངོ་སྤྲོད་གནང་གི་རེད།
དེང་སྐབས་བྱང་ཀོ་རི་ཡའི་ཀིམ་ཇོང་ཨུན་གྱིས་ལྷོ་ཀོ་རི་ཡའི་ཕྱོགས་སུ་མེ་སྒྱོགས་བརྒྱབ་པ་སོགས་དྲག་པོའི་འཇིགས་སྐུལ་སྔར་ལས་ཉེན་ཁ་ཆེ་བ་རིམ་པ་ཞིག་བྱེད་བཞིན་ཡོད་ཅིང་། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་སྲིད་དབང་གཅོད་པ་འདིས་ལྷོ་ཀོ་རི་ཡར་དམག་གིས་གཏོར་རྒོལ་ངོ་མ་ཞིག་བྱ་རྒྱུའི་འཆར་གཞི་ཡོད་སྲིད་པའི་ཉེན་བརྡ་བཏང་འདུག
གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ཚེ། ༢༠༢༣ ལོར་རྒྱ་ནག་གི་མི་འབོར་སླར་ཡང་ལོ་སྔོན་མ་ལས་ཉུང་དུ་ཕྱིན་ཡོད་ཅིང་། དེ་རིང་གི་ང་ཚོའི་ལེ་ཚན་ལ་རྒྱ་ནག་གི་མི་འབོར་ཞིབ་འཇུག་བྱེད་མཁན་རྒྱ་མི་ཞིག་གིས་མི་འབོར་སྐོར་གྱི་གནད་དོན་གླེང་བའི་ལྟ་ཚུལ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།
དེང་སྐབས་འཛམ་གླིང་གི་ས་ཆ་མང་པོར་ཏོག་དབྱིབས་ནད་དུག་འགོ་མཁན་མང་དུ་འགྲོ་བཞིན་པའི་སྐབས་སུ་འཛམ་གླིང་ཡོངས་ལ་གོད་ཆག་ཆེན་པོ་བཟོ་མཁན་གྱི་ནད་དུག་འདི་རྒྱ་ནག་གཞུང་གིས་ག་དུས་ངོ་ཐག་ཆོད་ཡོད་མེད་ཐད་གནས་ཚུལ་གསར་པ་ཁག་ཅིག་ཐོན་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།
ཐེ་ཝན་ལ་རྒྱལ་ཡོངས་འོས་བསྡུ་བྱས་ནས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མོད། ཡིན་ནའང་ཐེ་ཝན་གྱི་གྲོས་ཚོགས་སུ་གོ་མིན་ཏང་སྲིད་དོན་ཚོགས་པར་འཐུས་མིའི་གདན་གྲངས་མང་བ་ཐོབ་ཡོད་ཅིང་། བསྐྱར་ཞིབ་ལེ་ཚན་ལ་ཐེ་ཝན་གྱི་འོས་བསྡུའི་ཤུགས་རྐྱེན་སོགས་གནད་དོན་ཁག་ཅིག་གླེང་སློང་ཞུ་རྒྱུ་ཡིན།
དེང་སྐབས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་ཐེ་ཝན་གྱི་གལ་ཆེའི་འོས་བསྡུ་བྱེད་པར་མཐའ་མཇུག་གི་ཉིན་༤་ལས་ལུས་མེད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ཐེ་ཝན་གྱི་འོས་བསྡུར་འབྲེལ་བ་ཡོད་པའི་གནད་དོན་ཁག་ཅིག་གླེང་སློང་ཞུ་རྒྱུ་ཡིན།
འདས་པའི་ལོ་བཅུ་ལྷག་གི་རིང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ཟེར་བའི་མིང་ཐོག་ནས་ཞིས་ཅིན་ཕིང་གིས་དཔོན་རིགས་འབོར་ཆེན་ཞིག་མེད་པར་བཏང་བ་ནི་དམར་ཤོག་ཚོགས་པའི་ ནང་ཁུལ་དུ་དབང་ཆ་གཅིག་སྡུད་བྱེད་པའི་ལག་ཆ་གཙོ་བོ་དེ་ཡིན་ཞིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།
རྒྱ་ནག་དམར་ཤོགས་ཚོགས་པས་མའོ་ཙེ་ཏུང་ལ་བསྔགས་བརྗོད་དང་དྲན་གསོའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཏེ་མའོ་ཙེ་ཏུང་སྐྱེས་ནས་ལོ་༡༣༠ འཁོར་བར་སྲུང་བརྩི་བྱས་ཡོད་པ་རེད། འདིའི་སྐོར་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་གི་རེད།
གཟའ་མིག་དམར་ཉིན་མོ་འདི་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་སྐྱེས་ནས་ལོ་༡༣༠་འཁོར་བའི་ཉིན་མོ་ཡིན་པས། ཉིན་དེར་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་འགོ་ཁྲིད་ནས་ཉམ་ཐག་དབུལ་ཕོངས་མི་དམངས་ཁག་ཅིག་གིས་མའོ་ལ་དྲན་གསོའི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་འདུག བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་ལ་གླེང་སློང་ཁག་ཅིག་ཞུ་གི་ཡིན།
༢༠༢༣་ལོ་ནི་རྒྱ་ནག་གི་ངོས་ནས་བཤད་ན་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀར་རླུང་འཚུབ་དང་འཕོ་འགྱུར་ཆེ་བའི་ལོ་ཞིག་ཡིན་ཞིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ལོ་འདིར་རྒྱ་ནག་གི་སྲིད་འབྱོར་གཉིས་ལ་བྱུང་བའི་འགྱུར་ལྡོག་ཁག་ཅིག་གླེང་སློང་ཞུ་རྒྱུ་ཡིན།།
རྒྱ་ནག་དམར་ཤོག་གཞུང་གིས་གཞོན་སྐྱེས་ཚོར་ལོ་རྒྱུས་ཀྱི་ཕུགས་བསམ་བཅངས་ནས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བ་བྱ་དགོས་ཞེས་བཤད་ཀྱི་ཡོད་མོད། དེང་སྐབས་རྒྱ་ནག་གི་གཞོན་སྐྱེས་མང་པོ་ལས་ཀའི་འགྲན་རྩོད་ཀྱི་ཁྲོམ་ར་ནས་ཐོན་ཏེ་འཚོ་བ་སྟབས་བདེ་དང་ལྷོད་དལ་ཞིག་རོལ་ཐབས་བྱེད་ཀྱི་ཡོད།
ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་བྱེད་པར་ཟླ་བ་གཅིག་ཡང་ལྷག་མེད་པའི་སྐབས་འདིར་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱིས་འོས་བསྡུའི་ལས་འགུལ་ལ་དམིགས་བསལ་གྱི་ནུས་པ་ཆེན་པོ་ཞིག་འདོན་བཞིན་ཡོད།
འདས་པའི་གཟའ་འཁོར་འགའ་ཞིག་རིང་འབར་མའི་གྲངས་ཉུང་མི་རིགས་ཁག་གིས་གྲུབ་པའི་སྤུན་ཟླ་གསུམ་གྱི་མཐུན་གྲོགས་ཟེར་བའི་ཡུལ་དམག་གིས་རྒྱལ་ཁབ་དེའི་དྲག་པོའི་གཞུང་གི་དམག་དཔུང་ལ་གཏོར་རྒོལ་བྱས་ནས་དམག་འཐབ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།
ཉིན་ཤས་རིང་མེ་འཕེན་མཚམས་འཇོག་བྱས་པའི་རྗེས་སུ་ཨི་སི་རལ་གྱིས་སླར་ཡང་གྷ་ཛ་ཐང་གཤོང་ལ་གཏོར་རྒོལ་བྱེད་བཞིན་ཡོད་ཅིང་། ཨི་སི་རལ་དང་པ་ལི་སི་ཐན་གྱི་དཀའ་རྙོག་འདི་ཤེས་རྟོགས་ཐུབ་དགོས་ན་མི་ལོ་བདུན་བཅུ་ཙམ་གྱི་གོང་སྟེ། སྤྱི་ལོ་༡༩༤༨་ལོའི་ལོ་རྒྱུས་དེ་ཤེས་རྟོགས་ཐུབ་དགོས།
དེང་སྐབས་རྒྱ་གཞུང་གི་དམ་དྲག་འོག་ཏུ་བྱེད་སྒོ་སྣ་ཚོགས་ཤིག་ཆབ་སྲིད་དང་འབྲེལ་བ་བཟོས་ནས་མི་ཚོས་སྒྲུབ་མི་ཕོད་པར་གྱུར་ཡོད་ཅིང་། ད་རེས་ཀྱི་གཟའ་འཁོར་འདིར་འབྲས་དང་སྒོ་ང་བརྔོས་པའི་འདྲ་པར་དང་བརྙན་ཐུང་སོགས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་ན་ཉེན་ཁ་འཕྲད་ཀྱི་ཡོད་འདུག
རྒྱ་ནག་གིས་ཐེ་ཝན་ལ་དྲག་ཤུགས་བཀོལ་ནས་བཙན་འཛུལ་བྱ་རྒྱུ་ཡིན་མིན་ནི་ཨ་རིའི་གཞུང་གི་དབུ་ཁྲིད་ཚོས་རྒྱུན་དུ་ཞིབ་འཇུག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། དེང་སྐབས་ཉམས་ཞིབ་པ་ཚོས་ཀྱང་ཚོད་དཔག་སྣ་ཚོགས་ཤིག་བྱེད་པའི་གནད་དོན་ཞིག་ཏུ་གྱུར་འདུག
ས་ཉིན་གཟའ་པ་སངས་ཉིན་མོ་ནི་ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་རྣམས་དངོས་སུ་ཐོ་འགོད་བྱེད་པའི་ཉི་མ་མཐའ་མ་དེ་ཡིན་ཞིང་། མཚོ་གླིང་དེའི་ཕྱོགས་འགལ་སྲིད་དོན་ཚོགས་པ་གཉིས་མཉམ་འབྲེལ་བྱེད་ཐུབ་མིན་གྱི་འགག་རྩའི་དུས་སུ་བསླེབས་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།
ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ལས་འགུལ་དེ་འགག་རྩའི་དུས་སུ་བསླེབས་པའི་སྐབས་འདིར་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེས་ཨ་རིར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཞའོ་མེ་ཆིང་སྲིད་འཛིན་གཞོན་པའི་འོས་མིར་བདམས་ཡོད་ཅིང་། དེ་རིང་གི་ང་ཚོའི་དཔྱད་ཞིབ་ལེ་ཚན་ལ་ལྕམ་ཞའོ་མི་ཆིང་ངོ་སྤྲོད་ཞུ་རྒྱུ་ཡིན།
རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཁེ་ཆང་གླུ་བུར་དུ་གྲོངས་པར་རྒྱ་ནག་མི་དམངས་ཀྱིས་རང་འགུལ་ཐོག་ཏུ་མྱ་ངན་དང་རྗེས་དྲན་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་དམངས་ཀྱི་བྱེད་སྒོ་དེ་ཚོར་ཚོད་འཛིན་བྱེད་ཀྱི་ཡོད་ཅིང་། བསྐྱར་ཞིབ་ལེ་ཚན་ལ་གནད་དོན་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།
འདས་པའི་དུས་རབས་ཕྱེད་ཀ་ཙམ་རིང་དཀྱིལ་ཤར་ཡུལ་གྲུ་ནི་འཛམ་གླིང་ཐོག་འཁྲུག་ཟིང་མང་ཤོས་བྱུང་སའི་ས་ཁུལ་ཞིག་ཆགས་ཡོད་ཅིང་། ཨ་རིས་འཐབ་འཁྲུག་དེ་ཚོའི་ནང་ཡང་ནས་ཡང་དུ་ཕྱི་འབྲེལ་དང་མཐའ་ན་དམག་གི་ཐེ་ཇུས་བྱས་ཡོད་པ་རེད། དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་ལ་གླེང་སློང་ཞུ་གི་ཡིན།
མང་སྣོན།