བགྲོ་གླེང་རྗེས་སུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་བློ་བཟང་ཡེ་ཤེས་ལགས་། པད་མ་བདེ་ཆེན་ལགས་དང་ཀུན་བཟང་རིག་འཛིན་ལགས་ཀྱིས་སྲིད་འཛིན་གཞོན་པའི་འོས་མི་གཉིས་བར་གྱི་བགྲོ་གླེང་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་ཡིན།
བགྲོ་གླེང་རྗེས་སུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་བློ་བཟང་ཡེ་ཤེས་ལགས་དང་པད་མ་བདེ་ཆེན་ལགས་ཀྱིས་སྲིད་འཛིན་འོས་མིའི་བགྲོ་གླེང་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་ཡིན།
ཨ་རིའི་སྲིད་འཛིན་བྷའེ་ཌན་གྱིས་ཕོ་བྲང་དཀར་པོ་ནས་རྒྱལ་ཡོངས་ལ་དམིགས་བསལ་གསུང་བཤད་གནང་། ད་རེས་ཕྱི་ཟླ༧ཚེས༢༡ཉིན་སྲིད་འཛིན་གྱི་འོས་བསྡུ་ནས་ཕྱིར་འཐེན་ཞུ་རྒྱུའི་གསལ་བསྒྲགས་གནང་པ་ནས་བཟུང་མང་ཚོགས་ཁྲོད་གཏམ་བཤད་སྤེལ་གནང་བ་ཐོག་མ་འདི་ཆགས་ཡོད། གཏམ་བཤད་ཐད་གཏོང་ཞུ་རྒྱུ་དང་རྗེས་ལ་འབྲེལ་ཡོད་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།
སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱིས་ཉིན་ལྔའི་གོང་ཁོང་བཀྲོངས་ཐབས་བྱས་པའི་དོན་རྐྱེན་སྐབས་ཀྱི་གནས་ཚུལ་རྣམས་དྲན་གསོ་བྱས་པ་དང་ཆབས་ཅིག སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་ནས་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་རྒྱལ་ཁའི་གྲུབ་འབྲས་ཚད་མཐོ་ཡོང་བ་བྱེད་ཀྱི་ཡིན་ཞེས་གསལ་བསྒྲགས་བྱས་འདུག
༄༅། ཐེངས་འདིའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན་ནང་བོད་སྐད་བཤད་པའི་སྐབས་སུ་གཏམ་དཔེ་དྲངས་པ་ཡིན་ན་ཚིག་ཉུང་ཞིང་དོན་གསལ་བ་སོགས་བྱས་ཏེ་སྐད་ལ་དབྱིངས་དང་དྲོ་བ་ཁྱད་པར་ཅན་ཞིག་ཡོད་པའི་དགེ་མཚན་དང་གནད་འགག་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
ཡུ་རོབ་ཀྱི་རྒྱལ་ཁབ་ཕིན་ལེནཏ་དེ་བཞིན་འཛམ་གླིང་ནང་བདེ་སྐྱིད་ཀྱི་ཚད་གཞི་མཐོ་ཤོས་ཡིན་པའི་རྒྱལ་ཁབ་གང་འདྲ་བྱས་ཏེ་ཡིན་མིན་དང་། ཡང་དེ་བཞིན་ཨ་རི་ལ་སོགས་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་བདེ་སྐྱིད་ཀྱི་ཚད་གཞི་ཨང་གྲངས་ཉི་ཤུའི་གྲས་སུའང་ཚུད་མེད་པའི་གནས་སྟངས་སྐོར།
རང་སོ་སོའི་ས་གནས་སུ་རྟེན་གཞི་བྱས་པའི་བཅའ་དངོས་རྙིང་པ་ཚོང་སའི་ཁྲོམ་ར་ནས་དངོས་ཟོག་ཉོ་རྒྱུ་ཁོར་ཡུག་སྲུང་སྐྱོབ་བཅས་པར་ཕན་ཐོགས་ཡོད་པའི་སྐོར་རྩོམ་སྒྲིག་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་གླེང་མོལ་བརྒྱུད་ངོ་སྤྲོད་ཞུ་ཡི་ཡིན།
རྒྱ་ནག་གིས་རྒྱ་གར་ལ་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་རྙོག་གླེང་བཟོ་དགོས་དོན་འདི་གང་ཡིན་པ་དང་། འདིའི་གཞི་རྩ་གང་ལ་ཐུག་གི་ཡོད་མེད། དེ་བཞིན་དམིགས་ཡུལ་གང་ཡིན་སྲིད་པའི་ཐད་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།
ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་དཔལ་འབྱོར་ཡར་ཐོན་ཆེ་བའི་རྒྱལ་ཁབ་༢༠ཡི་དབུ་ཁྲིད་ཀྱི་ལྷན་ཚོགས་ལ་ཚོགས་ཞུགས་མ་བྱས་པར་གཡོལ་དགོས་དོན་ག་རེ་ཡིན་ནམ་ཞེས་པའི་དཔྱད་རྩོམ།