༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་ཧཱ་ཀུམ་བྷ་མེ་ལའི་དུས་ཆེན་ཐོག་ལ་གསུང་འཕྲིན་སྩལ་གནང་མཛད་པ། ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་སྤྱི་འཐུན་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༦ པ་དེ་སྲུང་བརྩི་ཞུས་གནང་ཡོད་པ། ཊན་མག་ནང་བོད་དོན་ཞུ་སྐུལ་ཀྱི་ལས་རིམ་མཇུག་སྒྲིལ་བ།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གཉིས་པ་དེ་སྤྱི་ཟླ་ ༡ ཚེས་ ༡༥ ཉིན་དབུ་འཛུགས་གནང་། ཚོགས་ཆེན་འདིའི་ནང་རིག་གཞུང་ལྟེ་གནས་ཁང་༨ དང་དགོན་སྡེ་ཁག་ ༥༠ དེ་བཞིན་འབྲེལ་ཡོད་ལས་བྱེད་ཁག་བཅས་ཁྱོན་ཚོགས་བཅར་བ་༦༠ ལྷག་མཉམ་ཞུགས་གནང་ཡོད།
ཀུན་གླེང་ལས་རིམ་དུ་བསྟན་འཛིན་དབང་འདུས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས་དང་ལྷན་དུ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གྲོས་ཆོད་གཏན་འབེབས་གང་བྱུང་ཡོད་མེད་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
བོད་དིང་རི་རྫོང་དུ་ཟླ་འདིའི་ཚེས་ ༧ ཉིན་ས་ཡོམ་རིམ་པ་༧.༡ འོག་གྲོང་ཚོ་ཁག་ཅིག་ནང་གོད་ཆགས་ཚབས་ཆེན་བྱུང་བར་བརྟེན། ཁེ་ས་སྤྱི་ཟླ་ ༡ ཚེས་ ༨ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་ཞིག་གནང་སོང་།
དིང་རི་ས་ཁུལ་དུ་ས་ཡོམ་གྱི་རྐྱེན་པས་མིའི་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ་སོགས་ལ་གདུང་སེམས་མཉམ་བསྐྱེད་ཆེད་སྤྱི་ཟླ་ ༡ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་པའི་སྲི་ཞུའི་ལས་བྱེད་སོགས་ལྷན་འཛོམས་ཐོག་གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ་འཚོགས།
བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག་སྤྱི་ཟླ་༡ ཚེས་༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་ཡུལ་དངོས་ནས་གནས་ཚུལ་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
༧གོང་ས་མཆོག་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡ ཚེས་ ༣ ཉིན་གྱི་ཞོགས་པར་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་གྷ་གྷལ་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་མཛད་སོང་། ཚེས་ ༥ ཉིན་རྒྱལ་ས་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བྷེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་གནང་རྒྱུ་ཡིན་པ་རེད་འདུག
རྒྱ་ནག་གིས་བོད་ནང་གི་ཤེས་ཡོན་སྒྱུ་རྩལ་བ་རྣམས་ལ་རྡུང་རྡེག་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་དང་། བོད་པའི་སྒྱུ་རྩལ་བའི་འཇམ་པོའི་སྟོབས་ཤུགས་བརྒྱུད་བོད་ཀྱི་འཐབ་རྩོད་བརྒྱུད་བསྒྲགས་བྱ་རྒྱུར་དམིགས་ཏེ། ཉིན་གསུམ་རིང་གི་བོད་ཀྱི་སྒྱུ་རྩལ་པའི་དུས་སྟོན་ཐེངས་དང་པོ་ཕྱི་ཟླ ༡༡ ཚེས ༢༩ ཉིན་བཞུགས་སྒར་དུ་དབུ་འབྱེད་གནང་།
ད་རེས་ཁ་བའི་མི་སྣའི་ལེ་ཚན་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་སློབ་གཉེར་དང་། ཕྱག་ལས་གང་དང་གང་གནང་ཡོད་པ་སོགས་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ཁོང་རང་ཉིད་དང་ལྷན་དུ་གླེང་མོལ་ཞུས་པ་ཡིན།།
གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་བོད་ས་མཚམས་དང་ཉེ་བའི་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་བུམ་ལ་ནས་འགོ་བཙུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཁག་ ༢༠ ནང་སྤྱི་ལེ་ ༡༥༠༠༠ རིང་གི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཏེ་བོད་དོན་དྲིལ་བསྒྲགས་དང་བོད་རང་བཙན་སླར་གསོའི་འབོད་སྒྲ་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་བཞིན་འདུག
རྡ་ས་མེག་ལོར་ཁྲོམ་གཞུང་དུ་ཡོད་པའི་བོད་པའི་ཚོང་ཁང་དང་སྡོད་ཁང་ཁག་ཅིག་བཅས་ལ་གློག་གི་རྐྱེན་པས་མེ་སྐྱོན་བྱུང་ཡོད་ཅིང་། གཙོ་བོ་བོད་ཁྱིམ་སློབ་གྲྭའི་ཚོང་ཁང་དང་བོད་མིའི་སྡོད་ཁང་གཅིག་ལ་མེ་སྐྱོན་གྱིས་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་ལས་མིའི་སྲོག་ལ་གནོད་སྐྱོན་བྱུང་མེད་པ།
ཐེངས་འདིའི་ཀུན་གླེང་ནང་ཉེ་ཆར་ཁ་དོག་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་དུ་རི་མོའི་སྒྱུ་རྩལ་དུས་ཐུང་འགྲེམས་སྟོན་དང་། ཁ་དོག་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་ཁ་དོག་སྒྱུ་རྩལ་ཚོགས་པའི་ཚོགས་མི་བཀྲ་ཤིས་ཉི་མ་ལགས་དང་ལྷན་དུ་བསྟན་འཛིན་དབང་འདུས་ལགས་ཀྱིས་གླེང་མོལ་ཞུས་པ་ཡིན།
ཐེངས་འདིའི་ལེ་ཚན་ལ་ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས་ཀྱིས་བརྩམས་པའི་གོ་ལའི་སྙིང་སྟོབས་གསར་པ་ཞེས་པའི་དཔེ་དེབ་ཀྱི་བརྗོད་བྱ་སོཊ་ལ་རྩོམ་པ་པོར་གླེང་མོལ་ཞུས་ཡོད།འདིའི་ནང་རྒྱ་གར་གྱི་ཧིན་རྡུ་ཆོས་ལུཊ་དང་ཇུ་དཱ། ཡེ་ཤུ་དང་ཁ་ཆེ། སིཀ་གུ་རུའི་ཆོས་ལུཊ། ལྷ་རྒྱལ་ཆོས་ལུཊ་དང་ཆོས་ལུཊ་གཞན་གྱི་ལྟ་གྲུབ་དང་ཉམས་ལེན་སོཊ་འཁོད་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཏོང་ལེན་སློབ་གྲྭའི་ལས་བྱེད་དང་སློབ་ཐོན་སློབ་ཕྲུག་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། མགོན་པོ་མཆོག་ནས་དེ་རིང་སྤྱི་ཟླ་ ༡༡ ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།
སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བ་དང་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ནང་ལོ་ངོ་༢༥རིང་ཕྱག་ལས་གནང་མཁན་དགེ་ལས་ཁག་ཅིག་ལ་ཆེ་བསྟོད་མཚོན་ཆེད་སྤྱི་ཟླ་ ༡༡ ཚེས་ ༡༦ ཉིན་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་དུ་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་གྱིས་དུས་ཆེན་གྱི་མཛད་སྒོ་འདི་སྲུང་བརྩི་ཞུས་གནང་སོང་།
རྒྱ་གར་གྱི་བྱིས་པའི་ཉིན་མོ་དང་སྟབས་བསྟུན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ནང་གི་བོད་ཕྲུག་དང་ཁོར་ཡུག་གི་གནས་སྟངས་དང་འབྲེལ་ནས་དེ་རིང་སྤྱི་ཟླ་ ༡༡ ཚེས་ ༡༤ ནས་ཚེས་ ༢༠ བར་ཉིན་གྲངས་བདུན་རིང་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་སོང་།
ཕྱི་ཟླ༡༡ ཚེས༡༡ཉིན་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་མཇུག་སྒྲིལ་གནང་ཡོད་པ་དང་། ཚོགས་འདུ་དེའི་ནང་གཙོ་བོར་བོད་ཀྱི་ཆོས་སྲིད། རྩོམ་རིག་སོགས་བརྗོད་གཞི་མང་དག་ཅིག་གི་ཐོག་བོད་རིག་པའི་ན་གཞོན་ཉམས་ཞིབ་པ་སུམ་ཅུ་ཙམ་ནས་ཉིན་གྲངས་གསུམ་རིང་ཝཱར་ཎ་མཐོ་སློབ་ཏུ་སོ་སོའི་ཞིབ་འཇུག་གྲུབ་དོན་ཁག་སྒྲོག་སྦྱང་དང་བགྲོ་གླེང་གནང་།
བོད་མཐོ་སྒང་གི་གཙང་པོ། འཁྱགས་རོམ་ནས་ལུང་གཤོངས་བར་ཞེས་པའི་འགྲེམས་སྟོན་ཞིག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་ཕྱི་ཟླ ༡༡ཚེས ༨ཉིན་བོད་ཀྱི་འགྲེམས་སྟོན་ཁང་དུ་དབུ་འབྱེད་གནང་། དེ་གར་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མཐོ་སྒང་གི་ཆུའི་གནད་དོན་ནི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་ཡང་གལ་ཆེན་ཡིན་པ་གསུངས།
༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་སླར་ཡང་ཨ་རིའི་སྲིད་འཛིན་སྐབས་ ༤༧ པའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་དེ་རིང་སྤྱི་ཟླ་ ༡༡ ཚེས་ ༧ ཉིན་སྩལ་གནང་མཛད་ཡོད་པ་དེའི་ནང་ཨ་རི་འདི་བཞིན་མང་གཙོ་དང་རང་དབང་། ཁྲིམས་ལུགས་དབང་བསྒྱུར་གཙོ་གནད་དུ་འཛིན་བཞིན་པར་ཡི་རང་ཞུ་བཞིན་ཡོད།
བོད་དང་ལྷོ་ཨེ་ཤེ་ཡའི་སྐོར་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་ན་གཞོན་ཉམས་ཞིབ་པ་༢༥ ཡིས་བོད་ཀྱི་སྐད་ཡིག་དང་སྒྱུ་རྩལ། བཙན་བྱོལ་ནང་གི་མི་འབོར། བོད་དང་ཧི་མ་ལ་ཡའི་འབྲེལ་བ་སོགས་ཀྱི་ཐད་དཔྱད་རྩོམ་སྒྲོག་སྦྱང་དང་བགྲོ་གླེང་ཚོགས་འདུ་ཞིག་སྤྱི་ཟླ་༡༠ ཚེས་༡༧ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་འཚོགས་གནང་སོང་
མང་སྣོན།