ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཏོག་ནད་ཀྱི་ནད་དུག་གསར་པ་འཛམ་གླིང་གང་སར་འགོས་ཁྱབ་འགྲོ་བཞིན་པ་དང་། ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་བཀའ་མོལ་གནང་འཆར། ཡུག་ཀེ་རན་གྱི་སྲིད་འཛིན་སྐུ་ཟླས་ཨ་རིའི་གྲོས་ཚོགས་སུ་འབོད་སྐུལ། སིངྒ་ལའི་སྲིད་འཛིན་གྱི་དམ་འབུལ་སོགས་ཡོད།
གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཇཱོ་ བྷ་ཌན་ལ་ཏོག་དབྱིབས་ ༡༩ འགོས་ཡོད་པ་དང་། མིད་པ་ན་རྒྱུ་དང་སྣ་ཆུ་ཟགས་རྒྱུ་སོགས་ནད་རྟགས་ཏོག་ཙམ་ཐོན་ཡོད་ཅེས་བསྒྲགས། དེང་སྐབས་ཨ་རི་དང་ཡོ་རོབ་གཉིས་ནང་འགོས་ཁྱབ་སླ་བའི་ཏོག་ནད་རིགས་ཤིག་འགོས་ཁྱབ་ཆེ་རུ་འགྲོ་བཞིན་པ་སོགས་ཀྱི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་འགོ་ཚུགས་པའི་སྐབས་སུ་མོ་ཤུན་ཟེར་བའི་གྲོང་གསེབ་ཏུ་འགོག་རྒོལ་བྱས་པའི་རྐྱེན་གྱིས་རྒྱང་ཐག་སྤྱི་ལེ་༣༠ མཚམས་སུ་ཡོད་པའི་རྒྱལ་སར་བཙན་འཛུལ་བྱས་ཐུབ་མེད། གྲོང་གསེབ་དེའི་ཁང་པ་བརྒྱ་ཆ་༨༥ གཏོར་བཤིག་ཕྱིན་ཡོད་པས་ད་ལྟ་ཚོང་པ་དང་ལས་འགུལ་བ་རྣམས་མཉམ་རུབ་སྒོ་ནས་བསྐྱར་གསོ་བྱེད་བཞིན་ཡོད།།
འཛམ་གླིང་གསར་འགྱུར་གཞན་ཁག་གི་སྙིང་བསྡུས་ནང་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གསར་པར་རྟེན་འབྲེལ་ཞུས་པ་དང་། སི་ཊ་ལི་ཡི་ཆབ་སྲིད། དབྱིན་ཇིའི་སྲིད་བློན་གསར་པའི་འོས་མི་འདེམས་སྒྲུག་གི་ལས་དོན་བཅས་ཡོད།
ཡུག་ཀེ་རན་སྲིད་འཛིན་གྱིས་གཞུང་གི་ལས་ཁུངས་གཙོ་བོ་གཉིས་ཀྱི་འགོ་ཁྲིད་གནས་དབྱུང་བཏང་བ་དང་། ཨུ་རུ་སུས་ཡུག་ཀེ་རན་ལ་ཕྱོགས་ཡོངས་ནས་རྒོལ་རྡུང་གཏོང་སྲིད་པའི་སེམས་ཁྲལ། དེ་བཞིན་ཡུག་ཀེ་རན་གྱི་སྟོན་སྡུད་དང་སྐྱེལ་གཏོང་ཐད་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
སྲིད་འཛིན་བྷ་ཌན་གྱིས་དཀྱིལ་ཤར་མངའ་ཁུལ་དུ་འཚམས་གཟིགས་གནང་བཞིན་པ་རེད། ཁ་སང་དང་ཁ་ཉིན་ལ་ཨེ་སི་རེལ་གྱི་འགོ་ཁྲིད་རྣམ་པར་ཐུག་འཕྲད་དང་བདེ་འཇགས་ཀྱི་གྲོས་མཐུན་བཞག་པ་དང་། ད་དུང་དེ་རིང་དང་སང་ཉིན་གཉིས་ལ་པ་ལི་སི་ཐན་དང་སོ་ཌི་ཨ་རབ་ཀྱི་འགོ་ཁྲིད་ལ་མཇལ་འཕྲད་གནང་གི་ཡོད་པའི་སྐོར་བསོད་ནམས་གཡང་འཛོམས་ཀྱིས་ངོ་སྤྲོད་བྱས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་པ་དང་། ཨ་རིའི་གྲོས་ཚོགས་སུ་བོད་དོན་གྲོས་འཆར་གསར་པ་ཞིག་བཏོན་པ། ཨ་རིའི་སྲིད་འཛིན་གྱི་འཛམ་གླིང་དཀྱིལ་ཤར་ས་ཁུལ་འཚམས་གཟིགས། སིངྒ་ལའི་ཆབ་སྲིད་ཀྱི་ཟིང་ཆ་སོགས་ཡོད།
ཉི་ཧོང་གི་སྲིད་བློན་གྲགས་ཅན་ཤིན་ཛོ་ ཨ་བྷེ་ཡིས་གཟའ་པ་སངས་ཉིན་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་བྲང་ཁར་མེ་མདའ་ཕོག་སྟེ་སྨན་བཅོས་བྱས་ཀྱང་མ་ཕན་པར་འདས་གྲོངས་སུ་གྱུར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་ནི་བློས་ཐུབ་གྲོགས་པོ་ཞིག་ཡིན་པ་གསུངས་ནས་ནང་མིར་ཐུགས་གསོའི་གསུང་འཕྲིན་སྩལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཉི་ཧོང་གི་སྲིད་བློན་ཟུར་པ་འདས་གྲོངས་ཕྱིན་པར་ཐུགས་གསོ་དང་། ༧གོང་ས་མཆོག་གིས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་སྩལ་བ། དབྱིན་ཇིའི་སྲིད་བློན་གྱི་དགོངས་ཞུ། ཨིན་རྡུ་ནེ་ཤེ་ཡའི་འཚོག་བཞིན་པའི་ཚོགས་པ་ཉི་ཤུའི་ཚོགས་ཆེན། ཨ་རིའི་སྲིད་འཛིན་དཀྱིལ་ཤར་ཁུལ་ལ་ཕེབས་འཆར་སོགས་ཡོད།
རྙོག་དྲ་དང་གཞུང་གི་བློན་ཆེན་རྣམ་པས་རྩ་དགོངས་ཞུས་པ་དང་། གཞུང་འཛིན་ཆབ་སྲིད་ཚོགས་པ་ནང་ཁུལ་ནས་དབྱིན་ཡུལ་གྱི་སྲིད་བློན་ཇོན་སན་ལ་རྩ་དགོངས་ཞུ་དགོས་པའི་གནོན་ཤུགས་ཆེན་པོ་སླེབས་པར་བརྟེན། གཟའ་ཕུར་བུའི་ཉིན་ཁོང་གིས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ནས་རྩ་དགོངས་ཞུ་རྒྱུ་གསལ་བསྒྲགས་གནང་ཡོད་པ་རེད།
ཀུན་གླེང་གསར་འགྱུར་མདོར་བསྡུས་སུ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསར་པ་དང་། སྡུག་སྦྱོང་མནར་གཅོད་ཉིན་མོ་སྲུང་བརྩི། ཨུ་རུ་སུའི་དམག་དཔུང་ས་ཁུལ་ཞིག་ནས་ཕྱིར་འཐེན། ཕྱི་མི་གཞིས་ཆགས་པ་མང་པོ་ཞིག་ཚེ་འདས་ཕྱིན་པ་བཅས་ཡོད།
སི་པེན་དུ་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཆེན་མཇུག་སྒྲིལ་བའི་སྐབས་དང་བསྟུན་ཨ་མི་རི་ཀས་ཡུ་རོབ་ནང་དམག་མི་མང་དུ་གཏོང་རྒྱུ་དང་། ཨུ་རུ་སུ་ཉེན་ཁར་བརྩིས་པ་དང་རྒྱ་ནག་ནི་ཁོང་ཚོས་གདོང་ལེན་བྱ་ཡུལ་དུ་བརྩིས་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འཛམ་གླིང་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་ཆེན་གཉིས་ཀའི་གྲུབ་དོན་དང་། ཧྥེ་ལེ་པིན་གྱི་སྲིད་འཛིན་གསར་པ། ཧོང་ཀོང་གི་ལོ་༢༥ ཡི་དུས་སྟོན་སོགས་ཡོད།
བདུན་ཕྲག་འདིར་G7 འམ་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམས་ཀྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་འགྲན་ཡར་ཆགས་པའི་ རྒྱལ་སྤྱིའི་རྨང་གཞིའི་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་ ༦༠༠ གཏོང་རྒྱུའི་ལས་གཞི་དབུ་འབྱེད་གནང་ཡོད་པ་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཚོགས་པ་ལྔས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། ཨ་རིའི་གྲོས་ཚོགས་སུ་བོད་རྒྱ་འབྲེལ་མོལ་གྱི་འགོག་རྐྱེན་སེལ་ཐབས་ཐད་ཀྱི་ཉན་ཞིབ་གནང་བ་སོགས་ཡོད།
Commonwealthའམ་རྒྱལ་ཁབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༤ ཡོད་པའི་འགོ་ཁྲིད་རྣམས་རོ་ཝན་ཌ་རུ་ཚོགས་འདུར་ཕེབས་ཡོད། མཐུན་ཚོགས་དེ་ནི་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཆགས་མྱོང་བའི་རྒྱལ་ཁབ་ཁག་མཉམ་འབྲེལ་སྒོས་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། རོ་ཝན་ཌ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དམིགས་བསལ་བློ་འཚབ་བྱེད་བཞིན་པ་རེད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། སློབ་ཐོན་སློ་མར་ལས་ཀ་མ་རག་པའི་དཀའ་ངལ། འབྲུག་གི་རྗེ་མཁན་པོ་མཆོག་གིས་དགེ་སློང་མའི་སྡོམ་པ་གནང་། དཔལ་འབྱོར་ཉམས་གུས་འགྲོ་བའི་ཉེན་ཁ་དང་འཇིགས་སྣང་། གྲངས་ཉུང་མི་རིགས་ཀྱི་སྲུང་སྐྱོབ་དང་འབྲེལ་བའི་གཟེངས་རྟགས། གྲོས་ཚོགས་སུ་བོད་སྐོར་ཉན་ཞིབ།
རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མེ་སོར་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཉམ་ཞུགས་ཀྱིས་གྲོང་མི་ཚོས་རྒྱལ་སྤྱིའི་ཡོ་གའི་ཉིན་མོ་སྲུང་བརྩི་ཞུས་ཡོད། ཡོ་གའི་ཉིན་མོར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཞིག་དེང་སྐབས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལུས་སེམས་བདེ་ཐང་ཡོང་བའི་མི་ཚེ་སྐྱེལ་སྟངས་ཤིག་ཆགས་ཡོད་པ་ལ་ངོས་འཛིན་བྱེད།
ཕྱི་ཟླ་བདུན་པར་ཨ་རིའི་སྲིད་འཛིན་ཇཱོ་ བྷ་ཌན་ཨི་སི་རེལ་དང་ནུབ་མཚོ་ཁ་སོ་དི་ཨ་རབ་བཅས་དཀྱིལ་ཤར་མངའ་ཁུལ་དུ་ཕེབས་རྩིས་གནང་གི་ཡོད་པ་རེད། ཨི་སི་རེལ་རྒྱལ་ཁབ་ལ་ངོས་འཛིན་མི་བྱེད་མཁན་གྱི་ཨ་རབ་རྒྱལ་ཁབ་ཞིག་ལ་ཨ་རིའི་སྲིད་འཛིན་གྱིས་ཐད་ཀར་གནམ་གྲུ་རྒྱུད་ཕེབས་འཆར་ཡོད་པ་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་དེ་ཡུ་རོབ་མནའ་འབྲེལ་ཁོངས་སུ་ངོས་ལེན་གྱི་རྒྱབ་སྐྱོར་དང་། ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པའི་མཇུག་འབྲས། རྒྱ་ནག་གིས་རྒྱལ་མཚམས་བརྒལ་ཏེ་གཉའ་གནོན་བྱེད་པའི་ཉན་ཞིབ། ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་ཉན་ཞིབ་སོགས་ཡོད།
མང་སྣོན།