གསར་འགྱུར་ཕྱོགས་བསྡུས་ཀྱི་ཁོངས་སུ་མདོ་སྨད་གསེར་ཁོག་རྫོང་དུ་ཆུ་ལོག་གི་གནོད་སྐྱོན་ཕོག་པ་དང་། ཨ་རི་དང་ཐེ་ཝན་གཉིས་ཀྱིས་ཚོང་ལས་གྲོས་མོལ་གནང་རྒྱུ། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་འབར་མ་རུ་ཕེབས་པ། སུ་ཌན་དུ་དྲག་པོའི་གཞུང་ལ་མུ་མཐུད་དུ་ངོ་རྒོལ་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་ཡོད།
ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཉི་ཧོང་དང་མཉམ་དུ་ཐུན་མོང་གི་ཉེན་ཁར་གདོང་ལེན་བྱ་ཆེད་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་འདོད་ཡོད་པར་གསུང་ལ། ཉི་ཧོང་གིས་དེ་ལ་དགའ་བསུ་ཞུས་ཡོད་ནའང་འདས་པའི་རིང་ཕན་ཚུན་བར་ཡིད་ཆེས་མེད་པའི་དཀའ་ངལ་སེལ་རྒྱུ་ཁག་པོ་ཆགས་ཡོད་པའི་སྐོར་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཡོ་རོབ་སྤྱི་མཐུན་གྱིས་ཨི་རན་དང་མཉམ་དུ་རྡུལ་ཕྲན་གྲོས་མོལ་བསྐྱར་གསོ་བྱེད་བཞིན་པ་དེའི་ཐད་ཨི་རན་གྱིས་ཡ་ལན་སློག་ཕྱོགས་ཐད་ལ་ཨ་རི་དང་ཡོ་རོབ་སྤྱི་མཐུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། ལོ་གཅིག་དང་ཟླ་བ་བཞི་ཙམ་རིང་དངོས་ཤུགས་བརྒྱུད་གསུམ་ནས་ཨ་མི་རི་ཀ་དང་ཨི་རན་བར་རྡུལ་ཕྲན་གྲོས་མཐུན་བསྐྱར་གསོ་ཡོང་ཐབས་གནང་ཡོད།
རྒྱ་གར་མི་རིགས་ཀྱི་རྩོམ་པ་པོ་སལ་མན་ར་ཤི་ཌི་ཡིས་བརྩམས་པའི་དཔེ་དེབ་ནང་ཁ་ཆེའི་ཆོས་ལ་སྐུར་འདེབས་བྱས་ཡོད་པའི་ངོས་འཛིན་བྱས་ཏེ་ཨི་རན་གྱི་ཆོས་དཔོན་གྱིས་སྲོག་ཐོག་གཏོང་དགོས་པའི་ཆོས་ཁྲིམས་བསྒྲགས་ཡོད། ཉེ་ཆར་ཁོང་ཨ་རིའི་ནེའུ་ཡོག་གི་མངའ་སྡེའི་ནང་གཏམ་བཤད་སྤེལ་སྐབས་གློ་བུར་དུ་མི་ཞིག་གིས་གནོད་འཚེ་སྐྱེལ་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ལ་དྭགས་ཟངས་དཀར་གྱི་མཛད་འཕྲིན་དང་། བོད་ནང་གི་ཏོག་ནད་ཀྱི་གནས་སྟངས། དབྱིན་ཇིར་སླེབས་པའི་ཡུག་ཀེ་རན་གྱི་སྐྱབས་བཅོལ་བ་དང་པ་ཀི་སི་ཐན་ནང་གི་ཨབ་གྷ་ཎི་སི་ཐན་གྱི་སྐྱབས་བཅོལ་བ། ཐེ་ཝན་གྱི་རྒྱལ་སྲུང་། ཕྱི་སྲིད་དྲུང་ཆེའི་ཨ་ཧྥེ་རི་ཀའི་འཚམས་གཟིགས་བཅས་ཡོད།
དབྱིན་ཡུལ་དུ་ཡུག་ཀེ་རན་བ་སྐྱབས་བཅོལ་དུ་བླངས་པ་དེས་ཡུ་རོབ་རྒྱལ་ཁབ་གཞན་དང་འདྲ་བ་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ངལ་རྩོལ་ལས་མི་མ་འདང་པའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་འབྱུང་བཞིན་ཡོད་པ་མ་ཟད། ཡུག་ཀེ་རན་བ་སྟོང་ཕྲག་མང་པོར་རང་ཡུལ་གྱི་དམག་འཁྲུག་གི་གནས་སྟངས་ནས་བྲོས་ཏེ་གཞིས་ཆགས་ས་གསར་པ་རྙེད་བཞིན་ཡོད་པ་རེད།།
ཨ་རིའི་སྲིད་འཛིན་གྱིས་སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་ཁོངས་སུ་འཇུག་རྒྱུའི་ཡིག་ཆར་མཚན་རྟགས་བསྐྱོན། རྒྱལ་ཁབ་གཉིས་པོ་ཚོགས་མི་ཆགས་རྒྱུར་ཚོགས་མི་རྒྱལ་ཁབ་བདུན་གྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དང་། སྒྲིག་འཛུགས་འདིའི་སྟོབས་ཤུགས་དང་ཚོགས་མིའི་མང་ཉུང་ལ་ཐད་ཀར་འབྲེལ་བ་ཆགས་ཡོད།
ཉེ་ཆར་མང་མོས་ཐག་གཅོད་བྱས་ཏེ་གཏན་འབེབས་བྱས་པའི་ཊུ་ནི་ཤི་ཡའི་རྩ་ཁྲིམས་གསར་པའི་ནང་སྲིད་འཛིན་ལ་དབང་ཆ་ཆེན་པོ་གནང་ཡོད་པ་རེད། ཨ་ཧྥེ་རི་ཀའི་བྱང་ཕྱོགས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་བཟོ་མཁན་ཡང་ལས་ཐོག་སྲིད་འཛིན་ Kais Saied ཡིན་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་འདིའི་ནང་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་ཀྱིས་ཁོང་གི་ཆབ་སྲིད་བཙོན་རོགས་རིག་འཛིན་ཆོས་ཉིད་དམ་པ་དང། བློ་བཟང་ཡོན་ཏན་ལགས་དམ་པ་གཉིས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཡོད།།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་པེ་ལོ་སི་ཐེ་ཝན་ལ་ཕེབས་རྒྱུར་རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་པར་མ་ལྟོས་པར་ཕེབས། ཁོང་ཕེབས་ཚར་རྗེས་རྒྱ་ནག་གིས་ཐེ་ཝན་ཉེ་འཁྲིས་སུ་དམག་སྦྱོང་བྱས་པའི་སྐབས་འདིར་ཉི་ཧོང་གིས་ཨིན་ཌོ་ནེ་ཤི་ཡ་དང་ཨ་རི་སོགས་དང་མཉམ་དམག་སྦྱོང་བྱས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་ལམ་ཡར་རྒྱས་གཏོང་བཞིན་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་ལ་དྭགས་སུ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་པ་དང་། རྒྱ་ནག་གིས་ཐེ་ཝན་ཉེ་འཁོར་དུ་དམག་སྦྱོང་དང་ས་གནས་སྲིད་གཞུང་དག་གི་བློ་འཚབ། རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པའི་གསལ་བཤད། ཨུ་རུ་སུ་དང་ཨེ་སི་རལ་གྱི་འབྲེལ་ལམ། འཇིགས་སྐུལ་ལ་གདོང་ལེན་སོགས་ཡོད།
ཨ་མི་རི་ཀས་ཨལ་ཁེ་རྡའི་འཇིགས་སྐུལ་རིང་ལུགས་ཚོགས་པའི་འགོ་ཁྲིད་བསད་པ་ནི་འཇིགས་སྐུལ་ཚོགས་པར་ཕམ་ཉེས་བྱུང་ཡོད་པ་རེད། འོན་ཀྱང་འགོ་ཁྲིད་བསད་པ་དེས་དཀྱིལ་ཤར་མངའ་ཁུལ་དང་། ཨ་ཧྥེ་རི་ཀ ཨེ་ཤི་ཡ་ནང་ཡོད་པའི་འཇིགས་སྐུལ་རིང་ལུགས་ཀྱི་ཡན་ལག་ཚོགས་པར་ཤུགས་རྐྱེན་སླེབས་རྒྱུ་ཡིན་མིན་ནི་དྲི་བ་ཆགས་ཡོད་པ་རེད།
འཛམ་གླིང་གསར་འགྱུར་གཞན་ཁག་ནང་རྒྱ་ནག་ཏུ་བོད་ཀྱི་ནང་ཆོས་བཤད་མཁན་ལ་དམ་དྲག་དགོས་པའི་གསལ་བསྒྲགས་སྤེལ་བ་དང་། ཨ་རིའི་ལག་རྩེད་སྤོ་ལོ་རྩེད་མཁན་ཞིག་ལ་ཨུ་རུ་སུའི་ནང་བཙོན་འཇུག་ཁྲིམས་ཐག་བཅད་པ། ཨ་རིའི་གྲོས་ཚོགས་གོང་མར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་མི་གསར་པའི་ཐད་འོས་བསྡུ་བྱས་པ་བཅས་ཡོད།
དབྱིན་ཡུལ་གྱི་སྲིད་བློན་འོས་མི་གཉིས་ཀྱིས་དེང་སྐབས་འོས་བསྡུའི་དྲིལ་བསྒྲགས་གནང་པའི་སྐབས་ལ་ཕྱི་སྲིད་ཀྱི་གནད་དོན་གཙོ་བོ་ནི་རྒྱ་ནག་དང་འབྲེལ་ལམ་བྱེད་སྟངས་ཆགས་ཡོད་པ་དང་། འོས་མི་གཉིས་ཀས་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུའི་ཁས་ལེན་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་གི་རེད།།
ཨ་རིའི་སྲིད་འཛིན་སྲིད་འཛིན་ཇཱོ་ བྷ་ཌན་དང་རྒྱ་ནག་གི་གཙོ་འཛིན་ཞི་གཉིས་ཞལ་པར་ཐོག་བཀའ་མོལ་གནང་པ་དང་། གནས་ཚུལ་གལ་ཆེན་ཁག་གཅིག་ཕྱོགས་སྒྲིག་ཞུས་པ་གཟིགས་རོགས་གནང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་མཇུག་བསྒྲིལ་བ་དང་། ཨ་རིས་རྒྱ་ནག་ལ་ཁ་གཏད་ཀྱི་གློག་ལམ་ཉིང་འདུས་ཁྲིམས་གཞི་བཏོན་པ། དབྱིན་ཇིའི་མ་འོངས་འགོ་ཁྲིད་དང་། ཡུག་ཀེ་རན་གྱི་དམག་འཁྲུག ཨ་རི་དང་རྒྱ་ནག་འགོ་ཁྲིད་ཀྱི་བཀའ་མོལ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཏོག་ནད་ཀྱི་ནད་དུག་གསར་པ་འཛམ་གླིང་གང་སར་འགོས་ཁྱབ་འགྲོ་བཞིན་པ་དང་། ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་བཀའ་མོལ་གནང་འཆར། ཡུག་ཀེ་རན་གྱི་སྲིད་འཛིན་སྐུ་ཟླས་ཨ་རིའི་གྲོས་ཚོགས་སུ་འབོད་སྐུལ། སིངྒ་ལའི་སྲིད་འཛིན་གྱི་དམ་འབུལ་སོགས་ཡོད།
གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཇཱོ་ བྷ་ཌན་ལ་ཏོག་དབྱིབས་ ༡༩ འགོས་ཡོད་པ་དང་། མིད་པ་ན་རྒྱུ་དང་སྣ་ཆུ་ཟགས་རྒྱུ་སོགས་ནད་རྟགས་ཏོག་ཙམ་ཐོན་ཡོད་ཅེས་བསྒྲགས། དེང་སྐབས་ཨ་རི་དང་ཡོ་རོབ་གཉིས་ནང་འགོས་ཁྱབ་སླ་བའི་ཏོག་ནད་རིགས་ཤིག་འགོས་ཁྱབ་ཆེ་རུ་འགྲོ་བཞིན་པ་སོགས་ཀྱི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་འགོ་ཚུགས་པའི་སྐབས་སུ་མོ་ཤུན་ཟེར་བའི་གྲོང་གསེབ་ཏུ་འགོག་རྒོལ་བྱས་པའི་རྐྱེན་གྱིས་རྒྱང་ཐག་སྤྱི་ལེ་༣༠ མཚམས་སུ་ཡོད་པའི་རྒྱལ་སར་བཙན་འཛུལ་བྱས་ཐུབ་མེད། གྲོང་གསེབ་དེའི་ཁང་པ་བརྒྱ་ཆ་༨༥ གཏོར་བཤིག་ཕྱིན་ཡོད་པས་ད་ལྟ་ཚོང་པ་དང་ལས་འགུལ་བ་རྣམས་མཉམ་རུབ་སྒོ་ནས་བསྐྱར་གསོ་བྱེད་བཞིན་ཡོད།།
མང་སྣོན།