གཏེར་ཁ་བསྔོག་འདོན་ཆེད་དུ་མ་རྩ་དང་རྒྱན་འཛུགས་བྱེད་མཁན་ཇེ་མང་། ནེ་ཇར་གྱི་སྲིད་དབང་བསྐྱར་གསོ་བྱེད་རྒྱུར་ས་གནས་ཚོགས་པས་ཉེན་བརྡ་བཏང་བ། སའོ་དྷི་དང་ཨི་རན་གཉིས་ཀྱི་བློན་ཆེན་མཇལ་འཕྲད།
ཨ་མི་རི་ཀའི་སྲིད་འཛིན་བྷ་ཌན་ནས་སྲིད་འཛིན་གྱི་སྤྲོ་གསེང་ས་ཁུལ་དུ་ཉི་ཧོང་གི་སྲིད་བློན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་ལ་ཐུག་འཕྲད་ཀྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུའི་ལྷན་ཚོགས་ཐེངས་དང་པོ་དེ་འཚོགས་ཀྱིན་ཡོད་པའི་སྐོར།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་༸གོང་ས་མཆོག་ལ་དྭགས་ལ་གཤམ་ལྗོངས་མཁར་རྩེ་རུ་ཆིབས་བསྒྱུར་གནང་བ་དང་། ཨ་རི་དང་ལྷོ་ཀོ་རི་ཡ་ཉི་ཧོང་གསུམ་གྱི་བདེ་འཇགས་ལས་འཆར། ཧི་མ་ལ་ཡའི་ཕྱོགས་སུ་ས་རུད་དང་ཆུ་ལོག་བྱུང་བ། ཐེ་ཝན་སྲིད་འཛིན་གཞོན་པའི་གཟིགས་སྐོར་མཇུག་སྒྲིལ་བ། འཁྱག་རོམ་ཞུ་རྗེས་སྐྱེ་ཁམས་མ་ལག་གསར་སྐྲུན་སྐོར་སོགས་ཡོད།
ཨ་རིའི་ཇོར་ཇཱ་མངའ་སྡེའི་ཧྥོལ་ཊོན་རྫོང་གི་ཁྲིམས་འཛིན་སྤྱི་ཁྱབ་ཀྱིས་ཨ་རིའི་སྲིད་འཛིན་ཟུར་པ་ཊམ་ལ་ཉེས་འཛུགས་བྱས་ཡོད་པའི་སྐོར་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
ཉི་ཧོང་གིས་སྤྱི་ཟླ་༨ པའི་ཟླ་མཇུག་ཏུ་ཧི་རུ་ཤི་མ་རྡུལ་ཕྲན་གློག་ཁང་གི་ཆུ་སྙིགས་རྒྱ་མཚོའི་ནང་གཏང་རྒྱུ་ཡིན་པར། རྒྱ་ནག་གིས་འཆར་གཞི་དེར་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། ཉི་ཧོང་གི་ཉ་ཤའི་ཐོན་རྫས་རིགས་ལ་བཀག་སྡོམ་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་མི་ཁོར་ཡུག་སྲུང་སྐྱོབ་པའི་གནས་སྟངས་ལ་རྒྱལ་ཚོགས་ཀྱིས་བློ་འཚབ་བསྟན་པ། ཕ་བུའི་དབར་ལ་ཁེམ་བོ་ཌི་ཡའི་སྲིད་དབང་སྤྲོད་ལེན་བྱས་པ། ཧ་ཝེའི་མཚོ་གླིང་གི་ས་ཆ་ཁག་ཅིག་ལ་མེ་སྐྱོན་ཤོར་བ།
རྒྱ་གར་ལ་དྭགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ཏུ་ཆུ་ལོག་གི་གནོད་འཚེ་ཕོག་མཁན་ཚོར་ཐུགས་གསོ་དང་ཐུགས་སྨོན་མཛད་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱིས་ཨ་རིས་རྒྱ་ནག་གི་འཕྲུལ་རིག་ཁེ་ལས་ལ་མ་རྩ་བཙུགས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པའི་ཐད་རྒྱ་ནག་གིས་ངོ་རྒོལ་བྱས་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་ཧྥེ་རི་ཀའི་ནུབ་མའི་རྒྱལ་ཁབ་ཎི་ཇར་གྱི་སྲིད་དབང་གྱེན་ལོག་པ་ཚོས་དམངས་གཙོའི་ལམ་ནས་བསྐོ་བཞག་བྱས་པའི་སྲིད་འཛིན་ལ་སྲིད་དབང་བསྐྱར་དུ་རྩིས་སྤྲོད་བྱེད་ཀྱི་མེད་པ་མ་ཟད་རྒྱལ་ཁབ་ཀྱི་ནང་དོན་ལ་གཞན་གྱིས་ཐེ་བྱུས་བྱེད་མཚམས་འཇོག་དགོས་ཅེས་བཤད་ཡོད་པ་རེད། དེའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་ཞིབ་ཏུ་ངོ་སྤྲོད་བྱས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཟུར་པ་ཊམ་ལ་འོས་བསྡུའི་མཇུག་འབྲས་སློག་འཆར་བྱས་པའི་ཐད་ཁྲིམས་ཁང་དུ་འབོད་འགུག་བྱས་པ་དང་། ཨ་ཧྥེ་རི་ཀའི་ཎི་ཇཱེར་གྱི་སྲིད་འགྱུར་ལ་དོ་སྣང་། འཛམ་གླིང་བཟའ་བཅའི་དཀའ་ངལ་ནི་ཨུ་རུ་སུས་བཟོས་པ། ཨ་རིའི་མཚོ་དམག་གཉིས་འཛིན་བཟུང་། རྒྱ་གར་དུ་འབྱུང་བཞིན་པའི་དྲག་སྤྱོད་སོགས་ཡོད།
གཟའ་ཕུར་བུའི་ཉིན་མོར་རྒྱལ་ས་ཝ་ཤིང་ཊོན་གྱི་ཁྲིམས་ཁང་དུ་སྲིད་འཛིན་ཟུར་པ་ཊམ་གྱིས་༢༠༢༠ ལོའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་བའི་ཁྲིམས་འགལ་ཉེས་འཛུགས་བཞི་བསྐྱལ་བའི་ཐད་ལ་ཉེས་པ་བསགས་མེད་ཅེས་གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
གཟའ་མིག་དམར་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཟུར་པ་ཊམ་ལ་༢༠༢༠ ལོའི་འོས་བསྡུ་མགོ་རྟིང་སློག་ཐབས་བྱས་པར་ཉེས་འཛུགས་སྐྱེལ་ཡོད། འོན་ཀྱང་སྤྱི་མཐུན་ཚོགས་པའི་ཁོངས་སུ་ཁོང་ལ་མི་དམངས་ཀྱི་རྒྱབ་སྐྱོར་མཐོ་ཤོས་ཡོད་པ་དང་། ཁ་གཏད་འགྲན་བསྡུར་བྱེད་མཁན་ཚོས་ཀྱང་ཁོང་ལ་རྒྱབ་སྐྱོར་གྱི་བཀའ་མོལ་གནང་བཞིན་པ་རེད།
ཨུ་རུ་སུས་བཙན་འཛུལ་བྱས་པ་ནས་བཟུང་ཡུག་ཀེ་རན་ནས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་གཞན་ལ་འབྲུ་རིགས་ཚོང་འབྲེལ་བྱེད་བཅུག་པའི་རྗེས། ཡུ་རོབ་མཉམ་འབྲེལ་གྱི་པོ་ལན་ཌི་དང་བྷུ་གྷ་རི་ཡ་སོགས་ཀྱིས་ཡུག་ཀེ་རན་གྱི་ཞིང་ལས་ཐོན་རྫས་ལ་བཀག་སྡོམ་བྱས་པར་བརྟེན། ཡུག་ཀེ་རན་གྱི་འབྲུ་རིགས་འཛམ་གླིང་ཚོང་རར་སླེབས་རྒྱུར་ཉེན་ཁ་འཕྲད་བཞིན་ཡོད།
ལོ་ངོ་གཅིག་གི་སྔོན་ལ་སིངྒ་ལའི་དཔལ་འབྱོར་ལྡིབ་ནས་ངོ་རྒོལ་ཡར་ལངས་བྱུང་པར་བརྟེན་གཞུང་གསར་པ་འཛུགས་དགོས་བྱུང་ཡོད། དཔལ་འབྱོར་དཀའ་ངལ་སེལ་ཆེད་བཅོས་བསྒྱུར་གྱི་ལས་དོན་ཆེ་ཁག་ལག་བསྟར་བྱ་རྒྱུ་ཡིན་པ་དང་མི་དམངས་ལ་དཔལ་འབྱོར་དཀའ་ངལ་མུ་མཐུད་དུ་འཕྲད་བཞིན་ཡོད་པ་རེད། དེའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨུ་རུ་སུ་དང་ཨ་ཧྥེ་རི་ཀའི་ཚོགས་ཆེན་སྟེང་རྒྱལ་ཁབ་མང་པོ་ཞིག་མཉམ་ཞུགས་བྱས་མེད་པ་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སོར་གནས་ཡིན་པ། ཨ་རིའི་དྲུང་ཆེ་གཉིས་ཀྱིས་ཞི་བདེའི་རྒྱ་མཚོའི་ཁུལ་ལ་འཚམས་གཟིགས། ཉི་ཧོང་གིས་རྒྱ་ནག་ལ་གློག་ཆས་བཀག་སྡོམ། ཀམ་བྷོ་ཌི་ཡའི་ཆབ་སྲིད་སོགས་ཡོད།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཞིབ་འཇུག་གསར་པ་ལྟར་ན་བོད་དུ་བཙོན་ཁང་རྒྱ་སྐྱེད་བཏང་ཡོད་པ། ཚ་དྲོད་ཆེ་སྐབས་བདེ་ཐང་ལ་ཉེན་ཁ་འཕྲད་སྲིད་པ་གཞུང་གིས་ཉེན་བརྡ་བཏང་པ། རྒྱ་གར་མི་སེར་ཁག་གཅིག་ལ་རྒྱ་ནག་གིས་ཚད་ལྡན་མཐོང་ཆེན་སྤྲད་མེད་པ། ཐེ་ཝན་དུ་བཙན་འཛུལ་འགོག་རྒྱུའི་དམག་སྦྱོང་ལེགས་གྲུབ།
ཨུ་རུ་སུ་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་གི་ཚོགས་ཆེན་ཉིན་གཉིས་རིང་ཨུ་རུ་སུའི་གྲོང་ཁྱེར་ཞིག་ཏུ་ཚོགས་ཡོད་པ་དང་། པུ་ཊིན་གྱིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་དྲུག་ལ་འབྲུ་ཏུན་སྟོང་ཕྲག་ ༢༥ ནས་ ༥༠ བར་རིན་མེད་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག་པ་དེ་ནི་པུ་ཊིན་གྱི་མཐུན་ཕྱོགས་གྲོགས་པོ་མང་དུ་གཏོང་རྒྱུའི་ཐབས་ཤེས་སུ་ངོས་འཛིན་བྱེད།
བདུན་ཕྲག་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ་རྣམ་གཉིས་ཞི་བདེ་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་ཁག་ལ་ཕེབས་ཏེ་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་འབད་བརྩོན་གནང་ཡོད་པ་དང་། གཟའ་སྤེན་པར་ཨོ་སི་ཏྲོ་ལི་ཡར་ཕེབས་རྒྱུ་རེད་འདུག གནས་ཚུལ་ཞིབ་ཕྲ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་ནུབ་དཀྱིལ་དང་ཡུ་རོབ་ལྷོ་ཕྱོགས་ཁུལ་དུ་ཚ་དྲོད་ཆེན་པོ་བསྟན་པ་དང་། རྒྱ་གར་དང་པ་ཀི་སི་ཏན་སོགས་ཤར་ཕྱོགས་རྒྱལ་ཁབ་ནང་ཆུ་ལོག་གི་གནོད་འཚེ་འཕྲད། གནམ་གཤིས་ཚན་རིག་པས་ད་དུང་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་གཙོ་བོ་ནི་འགྲོ་བ་མིའི་རིགས་ཀྱིས་ཁོར་ཡུག་འབག་བཙོག་བཟོས་པའི་རྐྱེན་རེད་ཅེས་འགྲེལ་བརྗོད་གནང་འདུག
དེ་རིང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལ་དྭགས་སུ་ཆོས་ལུགས་དབར་ལེགས་བཤད་བླང་རེས་བྱ་གལ་ཡིན་པའི་བཀའ་སློབ་བསྩལ་བ་དང་། བོད་མདོ་སྨད་མང་ར་རྒྱ་ནག་གིས་དུས་འཁོར་དབང་ཆེན་བཀག་སྡོམ། རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་ཚོགས་ཆེན་མཇུག་སྒྲིལ། ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་སོགས་ཡོད།
མང་སྣོན།