ཕྱི་ཟླ་བཞི་བའི་ཚེས་༢༦ ཉིན། ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བརྒྱབ།
ཡུག་ཀེ་རན་གྱི་གཞུང་ཕྱོགས་མི་སྣ་རྣམས་ཀྱིས་བརྗོད་པ་ལྟར་ན། ད་ལོར་དམག་འཁྲུག་རྐྱེན་ཡུག་ཀེ་རན་ནང་གི་ཞིང་ས་ཕྱེད་ཀ་ཙམ་ལ་མ་གཏོགས་རྨོ་འདེབས་བྱེད་མི་ཐུབ་ཟེར། གནས་སྟངས་འདི་ཡིས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་སྲིད་པ་བརྙན་རིས་ཀྱི་ལམ་ནས་གསེད་བཀྲོལ་བྱས་ཡོད།།
སྲིད་སྐྱོང་སྤེན་པ་ཚེ་རིང་དང་ལྷན་དུ་ཨ་རིར་ཕེབས་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་ཨ་རིའི་རྒྱལ་སའི་ནང་གི་སྲིད་སྐྱོང་གི་གཏམ་བཤད་དང་། མཇལ་འཕྲད། མཛད་འཆར་སོགས་ཀྱི་ཐད་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པར་བརྟེན་རྒྱལ་ཁབ་བཅུ་ཁ་ཞིག་གིས་དཔལ་འབྱོར་ཉེས་ཆད་བཅད་ནས་ཨུ་རུ་སུ་གཞུང་དམངས་གཉིས་ཀས་ཤུགས་རྐྱེན་དེ་མྱོང་བཞིན་པ་རེད། བརྙན་རིས་དང་སྦྱར་བའི་གསེད་བཀྲོལ་འདིའི་ནང་འདས་པའི་ལོ་རྒྱུས་ནང་དཔལ་འབྱོར་ཉེས་ཆད་བཅད་པའི་ཉམས་མྱོང་དང་གྲུབ་འབྲས་སོགས་འགྲེལ་བཤད་བྱས་ཡོད།
ཡུག་ཀེ་རན་ནང་གི་དམག་འཁྲུག་འདི་མཇུག་བསྒྲིལ་བའི་གནས་སྟངས་ནི་གཤམ་གྱི་རིགས་བཞི་ལས་མ་འདས། དེ་ནི་ཨུ་རུ་སུ་ལ་རྒྱལ་ཁ་ཐོབ་རྒྱུ་དང་གཅིག ཡུག་ཀེ་རན་ལ་རྒྱལ་ཁ་ཐོབ་རྒྱུ་དང་གཉིས། རྒྱལ་ཕམ་ཐག་མི་ཆོད་པར་རྒྱང་བསྲིངས་དཀའ་རྙོག་ནང་ལྷག་རྒྱུ་དང་གསུམ། གཞི་རྒྱ་ཆེ་བའི་དམག་འཁྲུག་ཅིག་ལ་འགྱུར་རྒྱུ་དང་བཞིའོ།།
ཐེངས་འདིའི་རྩོམ་སྒྲིག་པའི་གཏམ་ཚོགས་ནང་ད་ལྟ་བོད་ཆོལ་ཁ་གསུམ་དུ་གནམ་ཐང་ག་ཚོད་ཅིག་ཡོད་པ་དང་། གནམ་ཐང་དེ་དག་གི་སྤྱོད་སྒོ་ག་འདྲ་ཞིག་ཡིན་པ། རྒྱ་གར་གཞུང་གིས་གནམ་ཐང་དེ་དག་ལ་དོ་སྣང་ག་ཚོད་བྱེད་བཞིན་པ་སོགས་ངོ་སྤྲོད་བྱས་ཡོད།
ལོ་གཉིས་ཀྱི་ཡར་སྔོན་དུ་རྒྱ་གར་ནི་འཛམ་གླིང་འདིར་ནད་ཡམས་ཀྱིས་རྐྱེན་པས་དམ་དྲག་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ཞིང་། ངལ་རྩོལ་བ་མང་པོ་ཞིག་རྐང་ཐང་ལ་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་བྱུང་བར་མ་ཟད། རྒྱ་གར་ནད་ཡམས་ཀྱི་གནོད་འཚེ་ཆེ་ཤོས་ཨང་གཉིས་པར་གྱུར་བའི་རྒྱལ་ཁབ་དེའི་ཚོང་རྭ་སོགས་རང་སོར་ཆུད་ཀྱི་ཡོད་པ་རེད།།
དེ་རིང་གཟའ་མིག་དམར་ཉིན་ཏེ། ཕྱི་ཟླ་གསུམ་པའི་ཚེས་༢༢ ཉིན་ནི་འཛམ་གླིང་ཆུ་བོའི་ཉིན་མོ་ཐེངས་༢༩ པ་དེ་ཡིན་ཞིང་། ད་ལོའི་བརྗོད་དོན་གཙོ་བོ་ནི་འཛམ་གླིང་ཡོངས་ལ་འཐུང་ཆུ་མཁོ་སྤྲོད་བྱེད་པའི་ས་འོག་གི་ཆུ་བོ་རྣམས་ཡིན་འདུག
༄༅།།ཨ་རིའི་ནང་གི་བོད་པ་སློབ་འབྲིང་སློབ་ཕྲུག་བསྟན་འཛིན་རང་གྲོལ་ལ་འཛམ་གླིང་སྟེང་གི་སྐད་གྲགས་ཆེ་བའི་རྟོག་བཟོ་རི་མོ་བའི་གཟེངས་རྟགས་ཤིག་ཐོབ་ཡོད་ཅིང་། ཅང་མི་འགོར་བར་འཛམ་གླིང་གློག་བརྙན་གྱི་ཕ་ས་ཧོ་ལི་ཝུ་ཌིར་ལོ་འཁོར་རྩེ་ཕུད་གཟེངས་རྟགས་འགྲན་སྡུར་ལ་མཉམ་ཞུགས་བྱ་འཆར་ཡོད་པ་རེད།།