ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དེང་སྐབས་འཛམ་གླིང་གང་སར་གསར་འགོད་པ་ཚོར་གསར་འགོད་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་སྒྲུབ་པར་ཕྱོཊ་མང་པོ་ནས་དཀའ་ངལ་འཕྲད་བཞིན་ཡོད་དང་། ཨུ་རུ་སུས་འཛིན་བཟུང་བྱས་པའི་གསར་འགོད་པ་ཤ་ཀོ་ཝི་ཆི་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་གསུངས་སྐོར་སངས་དབྱངས་སྐྱིད་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ཟླ་༥ པའི་ཚེས་༦ ཉིན། དབྱིན་ཇིའི་རྒྱལ་པོ་ཆལ་སི་གསུམ་པ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་འཚོག་རྒྱུ་ཡིན་པ་ལཊ་ན། ད་ཕན་ཟླ་བ་མང་པོའི་རིང་གྲ་སྒྲིག་ཁག་གནང་དང་གནང་བཞིན་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་མང་དག་ཅིག་མཛད་སྒོར་ཆེད་བཅར་གནང་གི་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཡུག་ཀེ་རན་གྱི་གྲོང་སྡེ་ལི་མཱན་ནི་ཡུག་ཀེ་རན་གྱི་ཤར་ཕྱོགས་ཁུལ་གྱི་གལ་ཆེའི་མངའ་ཁུལ་དཱོན་བྷ་སི་ལ་འགྲོ་འོང་བྱེད་སའི་རྒྱལ་སྒོ་ཞེས་འབོད་སྲོལ་ཡོད་པ་དང་། ད་ཆ་ས་ཁུལ་དེ་ནི་གཡུལ་སའི་གྲོང་སྡེ་གཙོ་བོ་ཞིག་ཏུ་གྱུར་ཡོད་པའི་སྐོར་གསར་འགོད་པས་གྲོང་སྡེ་དེ་ནས་གནས་ཚུལ་བཏང་བ་ཞིག་པ་སངས་དབྱངས་སྐྱིད་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
བྱང་ཀོ་རི་ཡས་རེ་གཟའ་ཕུར་བུའི་ཉིན། མེ་ཤུགས་འཕུར་མདེལ་རིགས་གསར་པ་ཞིག་རྒྱང་འཕེན་ཚོད་ལྟ་བྱས་ཡོད་པས། ཉི་ཧོང་ནང་དུ་འཁྱུག་ཙམ་རིང་འཇིགས་སྣང་གིས་མི་མང་ཉེན་གཡོལ་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་སྐོར་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེ་ཝན་གྱི་སྲིད་འཛིན་ཚད་དབྱེན་ཝེན་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁེ་ཝེན་མེ་ཁཱར་ཐེ་རྣམ་གཉིས་གཟའ་ལྷག་པའི་ཉིན་མོ་མཇལ་འཕྲད་གནང་ཡོད་པ་དེ་ནི་ཨ་རིའི་ས་ཐོག་ཏུ་ཕྱོགས་གཉིས་ཕན་ཚུན་དབུ་ཁྲིད་ཀྱི་མཇལ་འཕྲད་རིམ་པ་མཐོ་ཤོས་ཤིག་ཡིན་པའི་སྐོར་པ་སངས་དབྱངས་སྐྱིད་ལགས་ཀྱིས་ཞུས་ཡོད།
དེང་སྐབས་འཛམ་གླིང་ཐོག་དངུལ་ཁང་ཁག་ལ་མ་རྩ་བརྟན་པོ་མེད་པ་དང་། མ་རྐང་གི་རིན་གོང་ཟག་པའི་དཀལ་ངལ་ཞིག་འཕྲད་བཞིན་པའི་སྐབས་དེར། ཡོ་རོབ་ནང་ནས་ཆེ་ཤོས་ཡིན་པའི་དངུལ་ཁང་credit swiss ལའང་། ད་བར་བྱུང་མྱོང་མེད་པའི་དཀའ་ངལ་འཕྲད་པའི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་ཕྱོགས་བསྒྲིགས་ཞུས་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་རིའི་གཞུང་གིས་རྒྱ་ནག་གི་སོ་ཉུལ་སྒང་ཕུག་སྐོར་གྱི་གནས་ཚུལ་ཁག་རྒྱལ་ཁབ་༤༠ ཙམ་ལ་གནས་ཚུལ་མཉམ་སྤྱོད་དང་། རྒྱ་ནག་གཞུང་གིས་སོ་ཉུལ་ཆེད་དུ་དམིཊ་པ་ཞིག་ཡིན་པའི་གནས་ཚུལ་ཁག་རྒྱལ་ཁབ་གཞན་ལའང་མཁོ་སྤྲོད་གནང་གི་ཡིན་ཞེས་གསུངས་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག
ཨ་མི་རི་ཀས་ཨུ་རུ་སུ་དང་ཨ་རིའི་དབར་གྱི་རྡུལ་ཕྲན་གོ་མཚོན་ཉུང་དུ་གཏང་རྒྱུའི་གྲོས་ཆོད་ལ་ཨུ་རུ་སུའི་ངོས་ནས་བརྩི་འཇོག་བྱེད་ཀྱི་མེད་པར་སྐྱོན་བརྗོད་དང་། ཨུ་རུ་སུའི་རྡུལ་ཕྲན་ལ་རྟོག་ཞིབ་བྱེད་དུ་འཇུག་དགོས་ཅེས་གསུངས་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག་འདིར་འཁོད་ཡོད།
རྒྱ་ནག་དང་ཨུ་རུ་སུ། ཨ་མེ་རི་ཀ་སོགས་ཀྱི་གཞུང་འཛིན་མི་སྣ་ཚོས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་སུ་ཕེབས་ཏེ། ཡར་རྒྱས་འགྲོ་བཞིན་པའི་གླིང་ཆེན་དེའི་ནང་རང་གི་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་གནང་བ་ཞིག
ཨ་མེ་རི་ཀའི་འཕྲོད་བསྟེན་མི་སྣ་ཚོས་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་གསར་པ་འགོས་ཁྱབ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་དང་། རྒྱ་ནག་ནང་ནད་དུག་འགོས་ཁྱབ་ཤུགས་ཆེ་བའི་སྐབས་སུའང་འགྲོ་འོང་ཐད་དམ་དྲག་གང་ཡང་བྱེད་ཀྱི་མེད་པ་སོགས་ཀྱི་སྐོར་པ་སངས་དབྱངས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་གནང་བ་ཞིག་འདིར་འཁོད་ཡོད།
རྒྱ་ནག་དབུས་གཞུང་གི་དཔལ་འབྱོར་སྲིད་ཇུས་ཐད་ཀྱི་གལ་ཆེའི་ལས་དོན་ཚོགས་འདུ་དེ་གཟའ་འཁོར་འདིའི་ནང་དུ་འཚོག་གཏན་འཁེལ་ན་ཡང་རྒྱལ་ནང་དུ་ནད་ཡམས་འགོས་ཁྱབ་དང་དཔལ་འབྱོར་གནས་སྟངས་བརྟན་པོ་མེད་པ་སོགས་ལ་བརྟེན་ནས་དུས་འགྱངས་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུས་གནང་གི་རེད།
ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ནས་རེས་གཟའ་ལྷག་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ལ་སྐར་མ་༣༠རིང་གཏམ་བཤད་གནང་བའི་སྐབས་རྒྱ་ནག་དང་ཐེ་ཝན་གྱི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་དམིགས་པའི་ཨ་རིའི་སྲིད་ཇུས་སྐོར་གསུང་བཤད་བའི་ནང་དོན་ཁག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
རྒྱ་ནག་དང་འབྲེལ་ལམ་ཐད་ལ་ཛ་དྲག་གི་སྐབས་འདིར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གཞན་ཞིག་ཐེ་ཝན་ནང་དུ་འཚམས་གཟིགས་སུ་ཕེབས་ཡོད་པའི་སྐོར་གནས་ཚུལ་ཁག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
ལོ་སྔོན་མར་ཨབ་གྷ་ཎི་སི་ཐན་ནས་པ་ཀི་སི་ཐན་ནང་སྐྱབས་བཅོལ་བ་འབུམ་གཉིས་དང་ཕྱེད་ཀ་ཙམ་ཞིག་འབྱོར་ཡོད་པ་དེ་དག་ལ་ཁྲིམས་མཐུན་གྱི་སྐྱབས་བཅོལ་བའི་ཡིག་ཆ་ཐོབ་རྒྱུར་འགོར་འགྱངས་ཀྱི་རྐྱེན་པས་དཀའ་ངལ་འདྲ་མིན་འཕྲད་བཞིན་པའི་སྐོར། འདི་གའི་གསར་འགོད་པས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
ཨུ་རུ་སུ་དང་ཨི་སི་རཱལ་དབར་རྒྱལ་ས་མཱོ་སི་ཀོའི་ནང་དུ་ཡོད་པའི་འཇིའུ་མི་རིགས་ཀྱི་གཞི་ཆགས་ལས་དོན་ཁང་ཞིག་ཨུ་རུ་སུའི་གཞུང་ནས་སྒོ་བརྒྱབ་རྩིས་བྱས་པའི་རྐྱེན་གྱིས་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་དང་། ཡིན་ཡང་ཨི་སི་རཱལ་གྱིས་རྩོད་གཞི་ཡོང་རྐྱེན་གཙོ་བོ་ནི་ཨི་སི་རཱལ་ནས་ཡུག་ཀེ་རན་ལ་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་ཡིན་པ་བརྗོད།
གཟའ་ཕུར་བུའི་ཉིན་ཡུག་ཀེ་རན་གྱི་ལྷོ་ཕྱོགས་ཁུལ་གྱི་གློག་ཁང་ཆེ་ཤོས་གཉིས་པ་དེ་ཨུ་རུ་སུས་དབང་བཟུང་བྱས་ཡོད་པ་དང་། ཡིན་ནའང་ཡུག་ཀེ་རན་གྱིས་ཨུ་རུ་སུས་བཙན་བཟུང་བྱས་པའི་ལྷོ་ཕྱོགས་ཁུལ་གྱི་ས་ཁུལ་ཁག་ཅིག་ཚུར་ལེན་གྱི་དམག་འཐབ་ཤུགས་ཆེ་རུ་གཏོང་བཞིིན་ཡོད་པ་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
སིངྒ་ལའི་ནང་གཟའ་ཕུར་བུའི་ཉིན་སྲིད་འཛིན་ལས་ཚབ་ར་ནིལ་ ཝིཀ་ར་སིམ་གྷེ་ནས་དངོས་སུ་སྲིད་འཛིན་གྱི་ཐུགས་འགན་བཞེས་རྒྱུའི་དམ་འབུལ་ཞུས་ཡོད་པ་དང་། ཡིན་ནའང་སྲིད་གཞུང་ལ་ངོ་རྒོལ་བ་ཚོས་བློ་ཕམ་བྱེད་བཞིན་པའི་སྐོར་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
ཡུག་ཀེ་རན་ཐོག་ལ་ཨུ་རུ་སུའི་དམག་འཁྲུག་བྱུང་ནས་ཟླ་བ་ལྔ་ཙམ་རིང་ཡུ་རོབ་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་བ་ཁྱོན་ཆེ་ཞིག་འབྱོར་བའི་ནང་ནས་པཱོ་ལན་ཌིའི་ནང་སྐྱབས་བཅོལ་བ་ཁྱོན་ཆེ་ཤོས་ཡིན་ནའང་མང་ཆེ་བས་ནམ་ཞིག་རང་ཡུལ་དུ་ཕྱིར་ལོག་བྱེད་རྩིས་བྱེད་བཞིན་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།།
ཧྥེ་ལི་ཕིང་ནང་དུ་ཉེ་ཆར་སྲིད་འཛིན་འོས་འདེམས་སྐབས་སུ་རྒྱལ་ཁ་ཐོབ་པའི་ཧྥར་ཌི་ནན་ཌི་མར་ཀོ་སི་ཡིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་དམ་འབུལ་གྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད། ཡུལ་དེར་དེ་སྔའི་དབང་ཆ་སྒེར་སྤྱོད་པའི་མི་རྒྱུད་ཅིག་སྲིད་དབང་ལ་ཕྱིར་ལོག་བྱས་པ་སོགས་ཀྱི་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
སྲིད་འཛིན་ཇཱོ་ བྷ་ཌན་ནས་ཨ་མི་རི་ཀས་དམག་གི་དཀའ་ངལ་འཕྲད་པའི་ཡུག་ཀེ་རན་ལ་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་རྒྱལ་ནང་དུ་བཟའ་ཆས་དང་རྡོ་སྣུམ་གྱི་རིན་གོང་ཤུགས་ཆེ་འཕར་བའི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་སུ་ཟླ་བ་གསུམ་གྱི་རིང་རྡོ་སྣུམ་ཐད་ཀྱི་དཔྱ་ཁྲལ་མེད་པ་བཟོ་རྒྱུའི་སྐོར་གཟའ་ལྷག་པའི་ཉིན་གྲོས་ཚོགས་ལ་འབོད་སྐུལ་ཞུས་ཡོད།
མང་སྣོན།