ཨི་སི་རལ་གྱིས་གྷ་ཛའི་སྐྱབས་བཅོལ་བའི་སྡོད་སྒར་ལ་གཏོར་རྒོལ། བྷུ་ལིན་ཁེན་དབྱིན་ཇིར་འཚམས་གཟིགས། རྡུལ་ཕྲན་མཚོན་ཆའི་ཐོག་མི་བཟོས་རིག་ནུས་བེད་སྤྱོད་མི་བྱ་རྒྱུའི་ཐག་གཅོད། མཁའ་དབྱིངས་འཕུར་བསྐྱོད་པ་མི་སྒེར་པ་བཞི་མཁའ་དབྱིངས་སུ་གློད་གཏོང་།
བྷི་ར་ཟིལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་འཐུས་མི་ལྷན་ཚོགས་ཤིག་གིས་སྤྱི་ཚོགས་དྲ་རྒྱ་ X བཀག་སྡོམ་བྱ་རྒྱུར་སྤྱི་མོས་ཐག་གཅོད། ཨི་སི་རལ་གྱི་དཔུང་དམག་གིས་ནུབ་མཚོ་ཁའི་ཊུལ་ཀ་རེམ་གྲོང་ཁྱེར་གྱི་ནང་དྲག་པོའི་ལས་འགུལ་བསྐྱར་དུ་འགོ་འཛུགས། ཡུག་རེ་རན་གྱི་དབུས་ཕྱོགས་གྲོང་ཁྱེར་ཕོལ་ཐ་ཝའི་ཐོག་མེ་ཤུགས་འབར་མདེལ་གྱིས་གཏོར་རྒོལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ནས་རེ་མོན་མ་གེ་སེ་སེའི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་དང་མཇལ་འཕྲད་གནང་སྐོར་དང་། ཨུ་རུ་སུའི་སྲིད་འཛིན་སོག་ཡུལ་དུ་སྐོར་སྐྱོད་དང་གཞུང་འབྲེལ་སྣེ་ལེན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་ཚུགས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གཞུང་གིས་བོད་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པ་དང་། ཧོང་ཀོང་གི་གསར་འགོད་པ་གཉིས་ལ་ནག་ཉེས་བཀལ་བ། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེས་འབྲུག་ཡུལ་དུ་བཀའ་ཆོས། བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་གཉིས་ཀྱི་དམ་འབུལ་བཅས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རིའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པས་ཞི་ཅིན་ཕིང་ལ་མཇལ་མོལ་གནང་རྗེས་གསར་འགོད་གསལ་བསྒྲགས་སྤེལ་བ་དང་། ཨུ་ཡུག་དམག་འཁྲུག་གི་གནས་སྟངས། ཉི་ཧོང་དུ་རླུང་འཚུབ་ཀྱི་གནོད་པ་ཆེན་པོ་བྱུང་བ་སོགས་ཡོད།
སྲིད་འཛིན་ཕོ་བྲང་གི་གཞུང་འབྲེལ་མི་སྣས་རེས་གཟའ་མིག་དམར་ཉིན། ཧ་མ་སིའི་བཙན་ཁྲིད་འོག་ནས་ཨི་སི་རལ་གྱི་མི་སེར་ཞིག་ཉེན་སྐྱོབ་བྱས་པར་དགའ་བསུ་གནང་ཡོད་པ་དང་འབྲེལ། གྷ་ཛའི་ནང་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཞིག་གི་མཐའ་མའི་ཐག་གཅོད་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨི་སི་རལ་གྱི་དམག་དཔུང་གིས་མི་གཏའ་ཞིག་བསྐྱབས་པ་དང་། ཡུག་ཀེ་རན་གྱིས་རང་གིས་བཟོས་པའི་འཕུར་མདེལ་ཚོད་ལྟ་བྱས་པ། ཤྲི་ལངྒའི་སྲིད་འཛིན་གྱི་འོས་བསྡུའི་སྟ་གོན་སོགས་ཡོད།
རེས་གཟའ་སྤེན་པའི་ཉིན་ཡུག་ཀེ་རན་ལ་རང་བཙན་ཐོབ་སྟེ་ལོ་ངོ་༣༣འཁོར་་བའི་དུས་དྲན་ཉིན་མོར་ཡུག་ཀེ་རན་དང་ཨུ་རུ་སུ་ཡིས་དམག་གི་བཙོན་པ་བརྗེ་རེས་བྱས་ཡོད་པ་དེ་ནི་ཡུག་ཀེ་རན་གྱིས་ཨུ་རུ་སུའི་མངའ་ཁུལ་ཀུར་སིག་གི་ནང་དམག་རྒོལ་འགོ་འཛུགས་བྱས་པ་ནས་བཟུང་དམག་གི་བཙོན་པ་བརྗེ་ལེན་ཐེངས་དང་པོ་དེ་ཡང་ཡིནཔ་ནོར་བུ་བསམ་འཕེལ་ནས་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་མང་གཙོའི་རྒྱལ་ཡོངས་ཚོགས་ཆེན་སྟེང་དུ་སྲིད་འཛིན་ཟུར་པ་ཨོ་བྷ་མ་སོགས་ཀྱིས་ལྕམ་ཧེ་རི་སི་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་བ་དང་། བྷི་ལིན་ཁེན་གྱིས་མུ་མཐུད་དཀྱིལ་ཤར་ཁུལ་གྱི་མེ་འཕེན་མཚམས་འཇོག་ལ་འབད་བཞིན་པ། ཐེ་ཝན་གྱི་དམག་སྦྱོང་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་དཀྱིལ་ཤར་མེ་འཕེན་མཚམས་འཇོག་ཡོང་ཐབས་ཀྱི་འབད་བརྩོན་བྱེད་བཞིན་པ་དང་། གྷ་ཛ་ཁུལ་དུ་གཏོར་རྒོལ་ཐེབས་ཏེ་འཆི་རྨས་ཚབས་ཆེན། ཐེ་ཝན་གྱི་དམག་སྦྱོང་། སི་པན་གྱི་བུད་མེད་ཅིག་དགུང་ལོ་༡༡༧ སྟེང་ཚེ་ལས་འདས་ཏེ་འཛམ་གླིང་སྟེང་གི་ཚེ་རིང་ཤོས་ཆགས་པ་རེད།
ཡུག་ཀི་རན་གྱི་སྲིད་འཛིན་ཛེ་ལིན་སི་ཀི་ཡིས་ཀུར་སི་མངའ་ཁུལ་དུ་དམག་འཐབ་དེ་ལམ་ལྷོངས་བྱུང་ཡོད་པ་དང་། ཨུ་རུ་སུ་ཡིས་ཡུག་ཀེ་རན་དང་ཞི་བའི་གྲོས་མོལ་བྱ་ཐབས་མེད་ལུགས་བརྗོད་ཀྱི་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེས་དཀྱིལ་ཤར་མངའ་ཁུལ་དུ་བསྐྱར་དུ་འཚམས་གཟིགས་ཤིག་གནང་ནས་ཨ་རིས་ཨི་སི་རལ་དང་ཧ་མ་སི་དབར་གྱི་དམག་འཁྲུག་འདི་མཚམས་འཇོག་ཡོང་ཐབས་སུ་ཕྱི་འབྲེལ་འབད་བརྩོན་ཤུགས་སྣོན་ཆེན་པོ་་བྱེད་བཞིན་པ་རེད། འོན་ཀྱང་ཉམས་ཞིབ་པ་ཁག་གིས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ལག་ལེན་བསྟར་རྒྱུར་དཀའ་ངལ་འཕྲད་སྲིད་ཟེར།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཉི་ཧོང་གི་སྲིད་བློན་གྱིས་དགོངས་པ་ཞུས་པ་དང་། དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་རྒྱ་ཆེར་འགྱུར་ཉེན། འབར་མའི་དྲག་པོའི་གཞུང་གིས་དམག་འཁྲུག་ནག་ཉེས་གསོག་བཞིན་པའི་སྡོམ་ཚིག་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། བྷང་ལ་ཎེ་ཤིའི་བར་བརྒལ་སྲིད་གཞུང་གི་འགོ་ཁྲིད་ཧིན་རྡི་ལྷ་ཁང་ནང་འཚམས་གཟིགས་སུ་ཕེབས་པ་དང་། པ་ལི་སི་ཐན་དང་ཨུ་རུ་སུའི་འགོ་ཁྲིད་གཉིས་མཇལ་འཕྲད། གཟའ་ཆེན་མིག་དམར་སྟེང་བརླན་བཤེར་འཚོལ་ཞིབ་བྱས་པ་བཅས་ཡོད།
ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྷ་ལནྜས་ཨི་སི་རལ་ནི་ཧེ་ཛི་བྷོ་ལ་དང་ཨི་རན་གྱི་ཕྱོགས་ནས་དགྲ་ལན་ཕར་རྒོལ་ཞིག་བྱེད་སྲིད་པར་ཚོད་དཔག་བྱས་ནས་གྲ་སྒྲིག་གི་གནས་སྟངས་ཤིག་གི་ནང་ཡོད་ཅེས་གསུངས་ཡོད་པ་དང་། དུས་མཉམ་དུ་ནུབ་ཕྱོགས་པའི་འགོ་ཁྲིད་ཁག་གིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཞིག་ཡོང་རྒྱུར་འབོད་སྐུལ་གནང་ཡོད།
ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་བགྲོ་གླེང་རྩོད་བསྡུར་བྱ་རྒྱུ་དང་། བྷང་ལ་ཎེ་ཤིའི་འགོ་ཁྲིད་གསར་པས་དམ་འབུལ་གནང་བ། ཨུ་རུ་སུའི་རྒྱལ་མཚམས་བརྒལ་བའི་གཏོར་རྒོལ། ཧ་མ་སིའི་འགོ་ཁྲིད་གསར་པར་ཨི་སི་རེལ་གྱིས་དམིགས་བསལ་དོ་སྣང་། འཇར་མན་གྱི་བོད་ཕྲུག་ཚོར་བོད་ཡིག་ཟབ་སྦྱོང་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སི་པན་གྱི་ཀ་ཊ་ལི་ཎ་ཁུལ་གྱི་འགོ་ཁྲིད་ལོ་བདུན་ལྷག་ལ་བཙན་བྱོལ་དུ་བཞུགས་རྗེས་ཕྱིར་སླེབས་པ་དང་། དབྱིན་ཡུལ་གྱི་དྲག་ཟིང་གི་གནས་སྟངས། གྷ་ཛ་ཁུལ་དུ་ནད་ཡམས་སྔོན་འགོག་གི་ལས་དོན། ཨ་ཧྥེ་རི་ཀའི་ཁན་ཡའི་ནང་གི་ངོ་རྒོལ་སྐད་འབོད་སོགས་ཡོད།
ཐེ་ལན་ཌིའི་ཆེས་མཐོའི་ཁྲིམས་ཁང་གིས་མདུན་བསྐྱོད་ཚོགས་པ་ཞེས་པའི་ཕྱོགས་འགལ་ཚོགས་པ་དེས། རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ཁྱིམ་ཚང་ལ་མཚན་སྨད་ཞུ་མི་ཆོག་པའི་ཁྲིམས་གཞི་དེར་ལེགས་བཅོས་གཏོང་དགོས་པའི་གྲོས་འཆར་བཏོན་པ་དེ། རྩ་ཁྲིམས་ལ་འགལ་ཡོད་པ་ཐག་གཅོད་ཀྱིས་ཚོགས་པ་དེ་ཕྱིར་བསྡུ་བྱ་དགོས་པའི་བཀའ་རྒྱ་བཏང་སྐོར་འདིར་གསལ།
བྷངྒ་ལ་ཌེ་ཤིའི་ནང་ལོ་ངོ་༡༥ རིང་དབང་སྒྱུར་བྱེད་མཁན་སྲིད་བློན་བྲོས་བྱོལ་སྐོར་དང་། ཨ་རི་དང་ཨོ་སི་ཁྲི་ལི་ཡ་གཉིས་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་རྣམས་མཇལ་མོལ་གནང་སྟེ་དེང་སྐབས་རྒྱ་ནག་གི་བཙན་ཤེད་ཅན་གྱི་བྱ་སྤྱོད་དང་། ཨུ་རུ་སུས་ཡུག་ཀི་རན་ལ་བཙན་འཛུལ། དཀྱིལ་ཤར་ཁུལ་གྱི་དྲག་ཟིང་སོགས་ཀྱི་ཐད་གོ་བསྡུར་གནང་འདུག།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཧེ་རི་སིས་འོས་བསྡུའི་ཕྱག་རོགས་སུ་མངའ་སྡེ་སྲིད་སྐྱོང་ཊིམ་འདེམས་པ། ཧེ་ཛི་བྷོ་ལཱས་ཨི་སི་རེལ་ནང་གཏོར་རྒོལ་བཏང་ཡོད་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
མང་སྣོན།