ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ལས་དུས་རྫོགས་ལ་ཉེ་བའི་སྐབས་འདིར་ཁོང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་བདམས་ཐོན་སྲིད་འཛིན་ཊམ་གྱི་མི་སྣ་ཚོ་དང་མཉམ་དུ་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་མཐའ་མ་ཞིག་གནང་བཞིན་པའི་སྐོར། འདི་གའི་གསར་འགོད་པས་བཏང་པའི་གནས་ཚུལ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་སྙན་སྒྲོན་ཞུ།
དམག་སྤྱི་ཇོ་སེ་ཧྥུ་ཨོ་ཨུན་ལེ་བྷ་ནོན་གྱི་སྲིད་འཛིན་ཏུ་འོས་འདེམས་བྱུང་བ། ལྷོ་ཀོ་རི་ཡར་སྲིད་འཛིན་ཡུན་སོལ་ཡོལ་ལ་རྒྱབ་སྐྱོར་གྱི་རྔམ་སྟོན་ཁྲམ་སྐོར་སྤེལ་བ། ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ལི་ཡའི་ཧོ་ལེ་ཝུ་ཌིའི་རི་བོར་མེ་སྐྱོན་བྱུང་བ།
ཨ་རིའི་ནང་བྱ་རིགས་ཀྱི་ཆམ་ནད་ཀྱིས་མི་གཅིག་ལ་འཆི་སྐྱོན་གྱི་གནས་ཚུལ་ཐོག་མ་བྱུང་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གསུངས་དོན་བྱས་ན་ཆམ་ནད་མི་མང་བྱིངས་ལ་འགོས་ཁྱབ་འགྲོ་ཉེན་དེ་ཙམ་མེད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་དམ་པ་ཀར་ཊར་གྱི་སྐུ་ཕུང་ཇཱོར་ཇི་ཡར་དུར་འཇུག་གི་སྐོར་དང་། བྱེའུ་ཆམ་འགོས་ཁྱབ་བྱུང་ཚེ་ཏོག་ནད་༡༩ ལས་ཀྱང་ཉེན་ཚབས་ཆེ་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཀུན་གླེང་གསར་འགྱུར་ནང་ས་ཡོམ་གྱི་གོད་ཆགས་ཐེབས་པའི་དིང་རི་གཙོས་པའི་བོད་མི་ཚོ་ལ་གདུང་སྐྱེད་མཉམ་སྐྱེད་མཚོན་ཕྱིར། བཙན་བྱོལ་དུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གིས་མཆོད་འབུལ་སྨོན་ལམ་འཚོགས་བཞིན་པ་དང་། གྷི་རེན་ལན་དང་པ་ཎ་མ་གྲུ་ཡུར་ནི་དམག་ཤུགས་འོག་སྟངས་འཛིན་བྱ་ཆོག་ཅེས་བརྗོད་པ་སོགས་ཡོད།
གསར་འགྱུར་གཞན་ཁག་གི་གནད་བསྡུས་ནང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ཁོང་འཛིན་བཟུང་གི་ཚོད་བགམ་བྱས་པ་དང་། སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་འཐུས་མི་ལ་སྤྱི་དམངས་གཟེངས་རྟགས་ཕུལ་བ། ཨི་སི་རལ་དང་ཧ་མ་སིའི་དམག་འཐབ། སེ་རི་ཡའི་ཡུལ་གྱར་བ་མང་པོ་ཞིག་ཕྱིར་རང་ཡུལ་དུ་ལོག་པའི་གནས་ཚུལ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་སྒྱུར་བསྐྱངས་པ་དང་། གྲོས་ཚོཊ་གསར་པ་འགོ་འཛུགས་དང་ཚོཊ་གཙོ་ཇཱོན་སན་ལ་འགྲན་སློང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ཁོང་འཛིན་བཟུང་གི་ཚོད་བགམ། སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་འཐུས་མིར་གཟེངས་རྟགས་ཕུལ་བ་སོགས་ཡོད།
ཨ་རིའི་སྲིད་འཛིན་རིམ་པ་༣༩ པ་ཇིམ་མི་ཀར་ཊར་མཆོག་རེས་གཟའ་ཉི་མའི་ཉིན་དགུང་གྲངས་བརྒྱ་ཡི་ཐོག་འདས་གྲོངས་སོང་བའི་རྗེས་སུ་ཨ་མི་རི་ཀའི་མི་མང་ཚོས་དམ་པ་དེར་རྗེས་དྲན་ཞུ་བཞིན་པའི་སྐོར་འདི་གའི་གསར་འགོད་པ་ སི་ཀོཌ་ སི་ཏྲན་གྱིས་གནས་ཚུལ་ཕྱོགས་བསྡུས་གནང་པ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས།
ཡི་ཤུའི་བླ་ཆེན་ཕོབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དངུལ་བུན་ཆག་ཡང་གཏོང་དགོས་པའི་འབོད་སྐུལ། སི་རི་ཡའི་འགོ་ཁྲིད་གསར་པས་ཨི་རག་གི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་དང་ཐུག་འཕྲད། ཧིན་རྡུའི་ཆོས་ལུགས་པ་ཚོས་ཁུམ་བྷུ་མེ་ལ་དུས་ཆེན་ལ་གྲ་སྒྲིག
ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ལ་མཇལ་ཁ་སྩལ་སྐོར་དང་། རྒྱ་གར་གི་སྲིད་བློན་ཟུར་པ་སྐུ་ཞབས་མཱ་མོ་ཧན་སིན་མཆོག་དགུང་ལོ་༩༢ ཐོག་སྐུ་གཤེགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་དོན་ཐུགས་གསོའི་གསུང་འཕྲིན་བཀའ་ཡིག་སྩལ་གནང་མཛད་པ། ཉི་ཧོང་ཨོ་ཀ་མིག་གི་ཆེད་ལས་སྨན་པར་མཇལ་ཁ་སྩལ་བ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཊམ་གྱི་པ་ཎ་མ་གྲུ་ཡུར་དང་གྷི་རེན་ལནཌ་སྟངས་འཛིན་འདོད་བློ། གྷོ་ལན་རི་སྒང་གི་ཨི་སི་རལ་བ་ཚོས་སེ་རི་ཡའི་འགོ་ཁྲིད་ལ་དགའ་བསུ། ཊམ་གྱི་སྲིད་གཞུང་གསར་པས་བྱང་ཀོ་རི་ཡ་ལ་འཛིན་རྒྱུའི་སྲིད་ཇུས། གཞན་ཡང་གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨི་སི་རལ་གྱིས་དམག་དཔུང་གིས་ཉེ་ཆར་ནུབ་མཚོ་ཁའི་ཨི་སི་རེལ་གྱི་མི་སེར་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་དེའི་འབྲེལ་ཐོཊ་པ་ལི་སི་ཐན་བ་མི་གསུམ་གྱི་ཁང་པ་མཐའ་བསྐོར་ནས་དཔུང་འཇུག་བྱེད་བཞིན་པ། ཡུ་རོབ་མནའ་འབྲེལ་གྱི་དབུ་ཁྲིད་ཚོས་ཨུ་རུ་སུ་དང་གྲོས་མོལ་བྱེད་ཕྱོཊ་སྐོར་ལ་གྲོས་བསྡུར། ཕུ་ཊིང་གིས་གསར་འགོད་ལྷན་ཚོཊ་སུ་གླེང་མོལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སིའི་ཤེས་ཡོན་སློབ་གསོ་ཧི་མ་ཅལ་མངའ་སྡེའི་གཞུང་གི་སློབ་གྲྭ་ཁག་ནང་ལག་བསྟར་གྲོས་ཆོད་ལ་མཚན་རྟགས་བཀོད་པའི་སྐོར་དང་། ཊམ་གྱིས་ཨུ་རུ་སུ་དང་ཡུག་ཀེ་རན་དབར་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
༢༠༢༤ ལོར་དཀྱིལ་ཤར་མངའ་ཁུལ་དུ་སྲིད་དབང་འཕོ་འགྱུར་གྱི་གཡོ་འགུལ་ཞིག་ཆེན་པོ་ཞིག་བྱུང་ཡོད་པ་དང་། སྤྱི་ཟླ་༡༡ པའི་ནང་འཕྲལ་སེལ་རིང་མེ་འཕེན་མཚམས་འཇོག་བྱས་ཡོད་ཀྱང་། སེ་རི་ཡའི་ནང་སྲིད་གཞུང་འཕོ་འགྱུར་བྱུང་བ་དེས་༢༠༢༥ ལོར་མངའ་ཁུལ་དེར་ཉེན་ཁ་ཇེ་ཆེར་འགྲོ་སྲིད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བདམས་ཐོན་སྲིད་འཛིན་ཊམ་གྱིས་དབུས་འཕྲིན་གཏོང་ལྷན་ཁང་གི་འགན་འཛིན་གྱི་འོས་མིར་བྷི་རེན་ཌན་ཀར་མིང་འདོན་གནང་ཡོད་པ་དང་། ཁོང་གིས་དེ་སྔོན་༢༠༡༧ ལོར་ལྷན་ཁང་དེའི་འགན་འཛིན་གནང་རིང་རྒྱ་ནག་གི་ཤུགས་རྐྱེན་ཐད་ཐུགས་སྣང་ཆེན་པོ་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱི་སྙན་སྒྲོན་ཞུས་ཡོད།
གསར་འགྱུར་གཞན་ཁག་གི་གནད་བསྡུས་ནང་། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་བལ་ཡུལ་ནང་འགྲུལ་བཞུད་བྱེད་འཆར་དེ་བལ་ཡུལ་གཞུང་གིས་བཀག་འགོག་གནང་བ་དང་། ལྷོ་ཀི་རི་ཡའི་ནང་མི་མང་སྟོང་ཕྲག་མང་པོས་སྲིད་འཛིན་གནས་དབྱུང་གཏོང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་པ། ཨ་རི་དང་ཨི་ཛི་རལ་གྱིས་སེ་རི་ཡའི་གནད་དོན་ཐད་བགྲོ་གླེང་བཅས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེས་དཀྱིལ་ཤར་ཁུལ་དུ་སེ་རི་ཡ་དང་གྷ་ཛའི་གནད་དོན་ཐད་ཕྱི་འབྲེལ་སྐྱོང་བཞིན་པ་དང་། སྲིད་སྐྱོང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་སྣེ་དང་བཀའ་མོལ། རྒྱ་ནག་གི་པཎ་ཆེན་བལ་ཡུལ་དུ་ཡོང་མ་བཅུག་པ་སོགས་ཡོད།
གསར་འགྱུར་གཞན་ཁག་གི་གནད་བསྡུས་ནང་། སེ་རི་ཡར་བར་རྒལ་སྲིད་གཞུང་ཞིག་ཚུགས་པ་དང་། རྒྱ་གར་རྒྱལ་སྲུང་བློན་ཆེན་པུ་ཊིན་དང་མཇལ་འཕྲད་གནང་བ། ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཉི་ཧོང་དུ་འཚམས་གཟིགས། ཉི་ཧོང་གི་རྡུལ་ཕྲན་འབར་མདེལ་གཏོར་རྒོལ་འོག་ཚེ་སྲོག་ཐར་པ་རྣམས་ཀྱི་གཞི་རིམ་ལས་འགུལ་ཚོགས་པར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའོ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་མ་འོངས་བོད་དོན་གྱི་སྲིད་བྱུས་ཐད་བགྲོ་གླེང་ཞིག་གནང་བ་དང་། ༧གོང་ས་མཆོག་ནས་ནིའུ་ཛི་ལན་ཌེ་དང་ཧྥེ་ཇི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་མོལ། སེ་རི་ཡའི་བར་བརྒལ་སྲིད་གཞུང་། ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་སོགས་ཡོད།
ལྷོ་ཀོ་རི་ཡའི་རྒྱལ་སར་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་པ། ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ཡིས་ཞི་བདེ་རྒྱ་མཚོ་མངའ་ཁུལ་འཚམས་འདྲིར་ཕེབས་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་བཀའ་མོལ་གནང་བ། སི་རི་ཡའི་གྱེན་ལོག་པ་ཚོས་གྲོང་ཁྱེར་ཧཱ་མའི་ཉེ་འགྲམ་གྱི་གཞུང་དམག་གི་རྟེན་གཞི་དབང་འཛིན་བྱས་པ།
མང་སྣོན།