ཨ་རིའི་གྲོས་ཚོགས་འཐུས་མི་ཚོགས་ཆུང་ཞིག་གིས་ཐེ་ཝན་ནང་གཟིགས་སྐོར་ཕེབས་རྗེས་རྒྱ་ནག་གིས་བསྐྱར་དུ་ཁོང་ཁྲོ་ཆེན་པོས་ངོ་རྒོལ་བྱས་ཏེ་ཐེ་ཝན་གྱི་ཉེ་འཁོར་དུ་དྲག་པོའི་དམག་སྦྱོང་བྱས་ཡོད་ཀྱང་རྒྱ་ནག་གིས་ཐེ་ཝན་གྱི་ནང་ཕྱི་རྒྱལ་གྱི་མི་སྣ་སུ་ཞིག་ཕེབས་མི་ཆོག་མིན་གྱི་བཀའ་བཀོད་གཏོང་ཐུབ་ཀྱི་མ་རེད་ཅེས་ཐེ་ཝན་གྱིས་གསུངས་ཡོད།
བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཏོག་ནད་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་པ་དང་། རྒྱ་ནག་གིས་ཐེ་ཝན་ཉེ་འཁོར་དུ་དམག་སྦྱོང་བྱས་པ། གཟའ་ཟླ་བའི་ཉིན་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྡུད་ནས་མི་ལོ་༧༧ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལ་དྭགས་སུ་བོད་ཀྱི་གནས་སྟངས་ཐད་བཀའ་སློབ་གནང་བ་དང་། ད་ལྟའི་བོད་ཀྱི་རིག་གཞུང་གནས་བབ་དང་མ་འོངས་ལམ་སྟོན། རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་སྲུང་བརྩི། ཉི་ཧོང་དུ་རྡུལ་ཕྲན་དུས་དྲན། ཉི་ཧོང་དང་ཐེ་ཝན་དུ་རྒྱ་ནག་ལ་གདོང་ལེན་བྱེད་ཚུལ་སོགས་ཡོད།
ཉི་ཧོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་རྡུལ་ཕྲན་འབར་མདེལ་གྱི་གཏོར་རྒོལ་འོག་མི་གྲངས་འབུམ་གཉིས་ལྷག་ཙམ་གྱི་ཚེ་སྲོག་ཤོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད། དེ་དང་ལྷན་ཉི་ཧོང་གི་སྲིད་བློན་གྱིས་རྒྱལ་ཁབ་ཀྱི་བདེ་སྲུང་གི་འགྲོ་གྲོན་ཇེ་ཆེར་གཏོང་རྒྱུའི་འཆར་གཞི་ཡོད་གསུངས་པ།
ཐེངས་འདིའི་འཛམ་གླིང་གསར་འགྱུར་གཞན་ཁག་གི་ལེ་ཚན་འདིར་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་ནད་ཕོག་མཁན་གསལ་རྟོགས་བྱུང་བ་དང་། ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་ཟུར་པ་ཊམ་གྱི་ཁྱིམ་ལ་བསྔོག་བཤེར། ཨེ་སི་རལ་གྱི་དམག་མིས་པ་ལི་སི་ཐན་པ་གསུམ་བསད་པ། ཡུག་ཀེ་རན་གྱི་འབྲུ་རིགས་སྐྱེལ་འགྲེམ་བྱེད་བཞིན་པ་བཅས་ཡོད།
ཚོགས་གཙོ་པེ་ལོ་སིས་ཐེ་ཝན་དུ་འཚམས་འདྲི་གཟིགས་སྐོར་གནང་བ།
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་རྣམས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན་ལྟ་སྐྱོང་། དེ་བཞིན་དཔྱ་ཁྲལ་སོགས་ཀྱི་ཐོག་ཁྲིམས་འཆར་ཞིག་གི་ནང་དོན་ཞིབ་ཕྲ་དེ་དག་ཕྱིར་བསྒྲགས་གནང་ཡོད། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་སྤྱི་མཐུན་ཚོགས་པའི་ཕྱོགས་ནས་འགོག་རྐྱེན་འཕྲད་སྲིད་པ་རེད།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་དབུ་འཛུགས་དང་། ༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན། བོད་ཀྱི་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་འཕེལ་ལ་བཙོན་འཇུག་ཁྲིམས་ཆད། སྤྲེལ་འབྲུམ་ནད་ཡམས། ཡེ་ཤུའི་བླ་ཆེན་གྱི་འགྱོད་བཤགས་སོགས་ཡོད།
རྒྱ་གར་མཐའ་སྲུང་དམག་མིས་བོད་རིག་པའི་སློབ་གཉེར་འགོ་འཛུགས། ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཐེ་ཝན་དུ་ཕེབས་རྒྱུ། ཏུར་ཀི་དང་ཨུ་རུ་སུའི་འགོ་ཁྲིདགཉིས་ཨི་རན་དུ་མཇལ་འཕྲད། འཛམ་གླིང་བཟའ་འབྲུའི་ལས་གཞི། ཡུག་ཀེན་རན་གྱིས་དམག་འཁྲུག་ཁྲོད་སྟོན་སྡུད་ཀྱི་འབད་བརྩོན།
གསར་འགྱུར་མདོར་བསྡུས་ཀྱི་ཚན་པ་འདིར་རྒྱ་གར་སྲིད་འཛིན་གྱི་འོས་བསྡུ་དང་། འབར་མའི་ནང་དཔའ་བོའི་ཉིན་མོ་སྲུང་བརྩི་བྱས་ཏེ་ལྕམ་ཨན་སན་སུའུ་ཅེའི་ཕ་དམ་པ་དྲན་གསོ་བྱས་པ། ཨ་རིའི་ནོར་སྲིད་དྲུང་ཆེའི་ལྷོ་ཀོ་རི་ཡའི་འཚམས་གཟིགས། དབྱིན་ཇིའི་མ་འོངས་སྲིད་བློན་གྱི་འོས་མི་བཅས་ཡོད།།
བརྟན་བཞུགས་བསྟར་འབུལ། དཀྱིལ་ཤར་འཚམས་གཟིགས་སྐབས་སུ་དོ་མཉམ་ཡོང་ཐབས། དང་པོའི་ཚེས་༦ ཟིང་ཆ་དེ་ཊམ་གྱིས་བསླངས་པ་ཡིན་ནམ། ཉི་ཧོང་དུ་སྲིད་བློན་ཟུར་པ་ཨ་བྷེའི་འདས་མཆོད་འཚོགས་པ། སིངྒ་ལའི་རྒྱལ་ཁབ་ནང་གི་ངོ་ལོག་ལས་འགུལ། རྒྱ་ནག་གི་ཞིབ་འཇུག་པ་དང་ཨ་རིའི་བདེ་འཇགས་བློ་འཚབ།
ཨ་རིའི་སྲིད་འཛིན་ཇཱོ་ བྷ་ཌན་གྱི་དཀྱིལ་ཤར་མངའ་ཁུལ་གྱི་གཞུང་འབྲེལ་གཟིགས་སྐོར་ཐོག་མ་འདིའི་དམིགས་ཡུལ་གཙོ་བོ་ནི་ཨེ་ཛི་རལ་དང་དཀྱིལ་ཤར་མངའ་ཁུལ་གྱི་འབྲེལ་བ་དམ་ཟབ་དང་། རྒྱལ་སྤྱིའི་ནུས་ཤུགས་ཚོང་རའི་ནང་གི་དཀའ་ངལ་སེལ་ཐབས་སུ་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་གོང་མཐོར་གཏོང་རྒྱུའི་རེ་སྐུལ་གནང་རྒྱུ་དེ་ཡིན་པ་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་རྟེན་འབྲེལ་ཞུས་པ་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀོ་རི་ཡའི་སྐད་དུ་འགྲེམ་སྤེལ། རྒྱལ་བ་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི། འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་སོགས་ཡོད།
དེང་སྐབས་ཡུཀ་རེན་གྱི་ནང་དམག་འཁྲུག་འདི་ཐག་གཅོད་ཡོང་བའི་རྟགས་མཚན་མེད་པ་དང་། འཛམ་གླིང་ཡོངས་ཁྱབ་ཀྱི་ནང་རྒྱ་ནག་གི་དམིགས་ཡུལ་རྒྱ་ཁབ་འགྲོ་བཞིན་པའི་གནས་བབ་དཀའ་རྙོག་ཅན་ཞིག་གི་ནང་འཛམ་གླིང་གི་འབྱོར་ལྡན་དང་དམངས་གཙོའི་རང་དབང་ལྡན་པའི་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་དབུ་ཁྲིད་རྣམས་ཀྱིས་ལྷན་འཛོམས་ཞིག་གནང་སྟེ་བརྡ་ལན་བཏང་།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་དེ་རིང་ ༢༠༢༢ ཀྱི་ཕྱི་ཟླ་དྲུག་པའི་ཚེས་ ༢༢ ནས་ ༢༣ བར་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་ཀྱི་ཡོད་པ་རེད།
སྲིད་འཛིན་ཟུར་པ་ཌོ་ནལ་ ཊམ་གྱི་རྒྱབ་སྐྱོར་བ་ཚོས་༢༠༢༠ ལོའི་སྲིད་འཛིན་འོས་བསྡུའི་འགྲུབ་འབྲས་འཕྲུ་སློག་གཏོང་ཐབས་སུ་གྲོས་ཚོགས་ཁང་ལ་གཏོར་རྒོལ་མ་བྱས་པའི་སྔོན་དེར། ཊམ་གྱིས་གཟའ་འཁོར་འགའ་ཞིག་བསྟུད་མར་འོས་བསྡུའི་འགན་འཛིན་མི་སྣ་ཚོར་འོས་བསྡུའི་འགྲུབ་འབྲས་ལ་འགྱུར་བ་གཏོང་རྒྱུའི་བརྒྱུད་སྐུལ་གནོན་ཤུགས་སྤྲད་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་སམ་ཁུལ་གྱི་ཆར་ཞོད་ངལ་སེལ་རོགས་སྐྱོར་གནང་བ་དང་། རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ། བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ། ཡུག་ཀེ་རན་གྱི་དམག་འཁྲུག ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་དང་འབྲེལ་བའི་ཉན་ཞིབ། ཡོ་གའི་དུས་ཆེན་སོགས་ཡོད།
འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་རང་ཡུལ་དང་ཁ་བྲལ་བའི་སྐྱབས་བཅོལ་བའི་དཀའ་རྙོག་ཆེ་ཤོས་ཤིག་ལ་གདོང་ལེན་བྱེད་བཞིན་པའི་གནས་སྟངས་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོ་སྲུང་བརྩི་གནང་གི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱལ་ཚོགས་ཀྱི་གསར་འགོད་པས་བཏང་པའི་གནས་ཚུལ་ཕབ་སྒྱུར་བྱས་ཡོད།
ཕྱི་ལོ་༢༠༢༡ ཟླ་དང་པོའི་ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་ཁང་གི་ཐོག་དཔུང་འཛུལ་དོན་རྐྱེན་ཐད་གྲོས་ཚོགས་ཀྱིས་གཟའ་ཟླ་བའི་ཉིན་ཞིབ་འཇུག་གསན་ཞིབ་ཐེངས་གཉིས་པ་གནང་ཞིང་། ༢༠༢༠ ལོའི་སྲིད་འཛིན་འོས་བསྡུའི་ནང་གཡོ་རྫུན་གྱི་གནས་ཚུལ་བྱུང་ཡོད་ལུགས་སྙོན་འཛུགས་བྱས་པ་དག་ཁུངས་བདེན་མིན་པའི་སྐྱོན་འཛུགས་གནང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ས་ག་ཟླ་བའི་གསུང་ཆོས་དང་། ཀིརྟི་རིན་པོ་ཆེ་ལ་གྱ་སྟོན་གྱི་བརྟན་བཞུགས། ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་ཉན་ཞིབ། ཡུ་རོབ་མནའ་འབྲེལ་དང་ཡུག་ཀེ་རན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་གྱི་གཏམ་བཤད་སོགས་ཡོད།
མང་སྣོན།