ཝུ་ཧན་གྱི་ནད་དུག་དང་རྒྱ་ནག་དམར་ཤོག་ཚོགས་པ།

༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ནད་དུག་དེ་མགྱོགས་མྱུར་གྱིས་ཧོང་ཀོང་དང་ཐེ་ཝན། རྒྱ་ནག་གི་ཉེ་འཁོར་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ ཡུ་རོབ་སོགས་ས་ཁུལ་མང་དག་ཅིག་ལ་ཁྱབ་ཀྱི་ཡོད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་མིའི་ལོ་སར་ཚེས་གཅིག་ཉིན་ཛ་དྲག་གི་ཚོགས་འདུ་བསྐོངས་ནས་འགོས་ནད་དེའི་ཚབས་ཆེའི་རང་བཞིན་གསལ་སྟོན་བྱས་ཡོད་པ་དང་། ནད་དུག་དེའི་འབྱུང་ཁུངས་ཝུ་ཧན་ལ་རིམས་ནད་གང་ནས་ཡོང་བ་རེད་དམ། ནད་དུག་དེ་གང་ནས་ཡོང་བ་ཡིན་རུང་རིམས་ནད་དེ་འགོས་ཁྱབ་འགྲོ་བཞིན་པ་འགོག་ཐུབ་ཀྱི་མེད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་ལ་ཉེན་ཀ་འབྱུང་སྲིད་ཅེས་ཧོང་ཀོང་དུས་བབ་ཀྱི་དཔྱད་བརྗོད་པ་ཕན་ཏན་ཁཱེས་གླེང་བརྗོད་སྤེལ་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།

Your browser doesn’t support HTML5

ཝུ་ཧན་གྱི་ནད་དུག་དང་རྒྱ་ནག་དམར་ཤོག་ཚོགས་པ།