ཌོ་ནལ་ཊམ་སྲིད་འཛིན་གྱི་འོས་མིར་འདེམས་བསྐོ།

༄༅།། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་མདང་དགོང་གཟའ་ཟླ་བའི་དགོང་མོ་ནས་ཚོགས་ཡོད་ཅིང་། ཚོགས་ཆེན་གྱི་ཉིན་དང་པོར་སྲིད་འཛིན་ཊམ་སླར་ཡང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མིར་འདེམས་བསྐོ་བྱས་པར་མ་ཟད། རྒྱལ་ཚོགས་ཀྱི་ཨ་རིའི་རྒྱུན་བཞུགས་སྐུ་ཚབ་ཟུར་པ་ནིག་ཀེ་ཧེ་ལི་དང་སྲིད་འཛིན་ཊམ་གྱི་བུ་རྒན་ཤོས། མི་རིགས་ནག་པོ་ཡིན་པའི་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མི་ས་ཊིམ་སོགས་ཀྱིས་གཏམ་བཤད་བྱས་ཏེ། ཁོ་ཚོས་དམངས་གཙོ་ཚོགས་པའི་སྲིད་ཇུས་ཁག་ལ་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

ཌོ་ནལ་ཊམ་སྲིད་འཛིན་གྱི་འོས་མིར་འདེམས་བསྐོ།