ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མིན་པ་གསལ་སྟོན་བྱ་དགོས་ཟེར།

༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མིན་ཞེས་རྣམ་འགྱུར་གསལ་པོར་སྟོན་དགོས་པར་མ་ཟད། ད་ལྟ་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱ་དགོས་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་རེས་གཟའ་ཕུར་བུའི་ཉིན་ནན་བརྗོད་གནང་འདུག གཞན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཨུ་རུ་སུའི་ཁ་བཤད་དོན་ལ་མི་གནས་པའི་སྤྱོད་པ་དེས་འཛམ་བུ་གླིང་ལ་མགོ་སྐོར་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མིན་པ་གསལ་སྟོན་བྱ་དགོས་ཟེར།