༸གོང་ས་མཆོག་ནས་ཧ་ཝར་ཊིའི་ཞིབ་འཇུག་སློབ་མ་ལྷན་དུ་མཇལ་མོལ་གནང་བ།

༸གོང་ས་མཆོག་ནས་ཧ་ཝར་ཊིའི་ཞིབ་འཇུག་སློབ་མ་ལྷན་དུ་

Your browser doesn’t support HTML5

༸གོང་ས་མཆོག་ནས་ཧ་ཝར་ཊིའི་ཞིབ་འཇུག་སློབ་མ་ལྷན་དུ་མཇལ་མོལ་གནང་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་ ༤ ཚེས་ ༨ ཉིན་ནས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་མི་རི་ཀའི་ཧར་ཝར་ཊའི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཁག་ཅིག་དང་ལྷན་དུ་འགོ་ཁྲིད་དང་བདེ་སྐྱིད་འཚོལ་ཞིབ་ཅེས་པའི་ཚོགས་འདུའི་ཚོགས་མགོན་དུ་དབུ་བཞུགས་གནང་ཡོད་ཅིང་། སྐབས་དེར་ཚོགས་འདུའི་སྣེ་ཁྲིད་པ་ཧ་ཝར་ཊའི་དགེ་རྒན་ཆེན་མོ་བ་ ཨ་ཐུར་བྷུ་རུག་ ལགས་ནས་ སློབ་ཆེན་དེ་གའི་འགོ་ཁྲིད་དང་བདེ་སྐྱིད་འཚོལ་ཞིབ་ལས་འཆར་ཚན་པས་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར། ཚན་རིག་དང་ལྟ་གྲུབ། ཆོས་ཕྱོགས་ཀྱི་ཐོག་ནས་བྱམས་བརྩེ་ཁྱབ་སྤེལ་གཏོང་བཞིན་ཡོད་པ་ངོ་སྤྲོད་གནང་བ་དང་འབྲེལ་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་འཛམ་གླིང་ཐོག་བྱམས་བརྩེ་གོང་སྤེལ་གཏོང་ཐབས་གཙོ་བོ་གནང་བཞིན་ཡོད་པ་བཞིན། སེམས་ཅན་ཐམས་ཅད་མའི་བརྩེ་བས་བསྐྱངས་པ་ཤ་སྟག་ཆགས་ཀྱི་ཡོད་སྟབས་དེ་ལྟ་བུའི་བརྩེ་བའི་ནུས་པ་སེམས་ཅན་ཐམས་ཅད་ལ་ཡོད་པས། སེམས་ཅན་ཐམས་ཅད་ཀྱིས་ཕ་རོལ་པོར་བྱམས་བརྩེ་བྱེད་པའི་ནུས་པ་རང་བཞིན་ཡོད་པ་ཡིན་དུས། ཨ་མའི་བྱམས་བརྩེ་དེ་ནི་ཧ་ཅང་གི་གལ་ཆེ་ཡིན་པ་སོགས་བཀའ་སྩལ་གནང་མཛད་ཡོད་འདུག་ལ། དེ་བཞིན་ཚོགས་བཅར་བ་རྣམ་པས་མགོན་པོ་མཆོག་ལ་བཀའ་འདྲི་མང་དག་ཅིག་ཞུས་ཡོད་པའི་ཁོངས་ནས། དགེ་རྒན་ཆེན་མོ་བ་ ཨ་ཐུར་བྷུ་རུག་ ལགས་ཀྱིས། ང་རང་ཚོར་སོ་སོའི་ཨ་མས་བྱམས་བརྩེ་གནང་བས་བདེ་སྐྱིད་འོང་བ་ལྟར། ང་ཚོས་གཞན་ལ་བྱམས་བརྩེ་བྱེད་ཐུབ་ན་དེ་ལས་ཀྱང་ལྷག་པའི་བདེ་སྐྱིད་ཅིག་ཡོང་གི་འདུག་ན། ང་རང་ཚོ་ཚང་མས་གཞན་ལ་བྱམས་བརྩེ་མི་བྱེད་དོན་ཅི་ནམ་ཞེས་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་ནས་རྒྱུན་གཏན་མི་ཚོས་བྱམས་བརྩེའི་ཐོག་ནས་སེམས་ལ་ཞི་བདེ་ཡོང་གི་ཡོད་པ་དེ་ཙམ་དོ་སྣང་མི་ཡོང་བར། ཕ་རོལ་བོར་ཆགས་སྡང་ལ་འཇུག་པ་ཤས་ཆེ་ར་ཕྱིན་ཏེ། བརྩེ་བ་ལ་སྣང་ཆུང་ངང་གིས་འགྲོ་ཡི་ཡོད་པ་སོགས་བཀའ་སྩལ་གནང་མཛད་སོང་།

ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་འདི་ལོའི་འགོ་ཁྲིད་དང་བདེ་སྐྱིད་འཚོལ་ཐབས་ལས་འཆར་འདིའི་ཐོག་དགེ་རྒན་ཆེན་མོ་

གཞི་རྩའི་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་འདི་ལོའི་འགོ་ཁྲིད་དང་བདེ་སྐྱིད་འཚོལ་ཐབས་ལས་འཆར་འདིའི་ཐོག་དགེ་རྒན་ཆེན་མོ་བ་ ཨ་ཐུར་ བྷུ་རུག་ ལགས་ནས་སྣེ་ཁྲིད་ཀྱིས་ཞིབ་འཇུག་སློབ་མ་ བཞི་བཅུ་ལྷག་མཉམ་བཞུགས་ཀྱིས་སང་ཉིན་ཕྱི་ཚེས་༩ ཉིན་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག་ལ། ལས་འཆར་འདིའི་ཐོག་ནས་སློབ་ཆེན་དེ་གའི་འབྲེལ་ཡོད་སློབ་མ་རྣམས་པས་ལོ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་དྲུང་ནས་བྱམས་བརྩེའི་བཀའ་སློབ་ལམ་སྟོན་ཞུ་བཞིན་ཡོད་པ་དང་། དེ་ལྟར་གནང་དགོས་དོན་ཡང་། ད་ལྟའི་སློབ་མ་དེ་དག་ནི་མ་འོངས་པའི་འགོ་ཁྲིད་ཡིན་སྟབས། འགོ་ཁྲིད་དང་བདེ་སྐྱིད་འཚོལ་ཐབས་ཅེས་པའི་ལས་འཆར་ཐོག་ནས་མ་འོངས་པའི་འགོ་ཁྲིད་རྣམས་པས་སྤྱི་ཚོགས་ནང་བདེ་སྐྱིད་སྐྲུན་ཐབས་ཀྱི་བྱམས་བརྩེའི་ཤེས་ཡོན་སྦྱོར་སྤྲོད་ཀྱི་ལས་འཆར་ཞིག་ཡིན་འདུག་ལ། བྱམས་བརྩེ་དེ་ཡང་མ་འོངས་འགོ་ཁྲིད་སོ་སོའི་བྱ་གཞག་གི་ནང་དུ་ལག་བསྟར་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་པ་རེད་འདུག