ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་བོད་བརྒྱུད་ནང་ཆོས་སློབ་འཁྲིད་གནང་མཁན་བོད་པའི་བླ་མ་ཐོག་མའི་གྲས་ཨ་ཀོང་རིན་པོ་ཆེ་རྒྱ་ནག་གི་ལྷོ་ནུབ་ཏུ་བཀྲོངས་པའི་གནས་ཚུལ་ཐོན་འདུག དེ་ཡང་། རྒྱ་ནག་གི་དྲན་དུ་གྲོང་ཁྱེར་གྱི་ཉེན་རྟོག་པས་གཏམ་བཤད་ཅིག་སྤེལ་བའི་ནང་། ཨ་ཀོང་རིན་པོ་ཆེ་དང་། ཁོང་གི་ཚ་བོ་གཅིག་དང། རླངས་འཁོར་གྱི་ཁ་ལོ་བ་བཅས་གློ་བུར་དུ། གྲོང་མི་གནས་སྡོད་བྱ་ཡུལ་གྲོང་ཁྱེར་གྱི་ས་ཁུལ་ཞིག་ཏུ་བཀྲོངས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་དང་། ཁོང་ཚོ་གསུམ་གསོད་མཁན་ཡིན་པའི་དོགས་ཡོད་བོད་པ་གསུམ་ཡོད་པ་དེ་དག་གིས་དངུལ་གྱི་རྩོད་རྙོག་དང་འབྲེལ་བའི་ཐོག་ནས་ཁོང་ཚོ་གསུམ་ལ་དྲི་བརྒྱབས་ཏེ་བསད་འདུག་པ་མ་ཟད། མི་དེ་གསུམ་གྱིས་རང་སྐྱོན་ངོས་ལེན་ཡང་བྱས་ཡོད་པ་དང་། ད་ལྟ་གཞུང་གིས་དེའི་ཐད་ཞིབ་དཔྱོད་བྱེད་བཞིན་པ་རེད་ཅེས་བརྗོད་ཡོད་འདུག གནས་ཚུལ་འདི་དངོས་འབྲེལ་ཡིན་པ་དབྱིན་ཇིའི་སི་ཀྲཌ་ལེན་ཌིར་གནས་སུ་ཡོད་པའི་ཨ་ཀོང་རིན་པོ་ཆེའི་ཆོས་ཚོགས་ཀྱི་དྲ་རྒྱའི་ཐོག་སྐུ་མཆེད་བླ་མ་ཡེ་ཤེས་ཀྱིས་ངེས་གཏན་གནང་སྟེ་གསུངས་དོན། ངས་བློ་ཕམ་ཧ་ཅང་ཆེན་པོའི་ཐོག་ནས་ཁྱེད་རྣམ་ལ་གནས་ཚུལ་ཞུ་རྒྱུ་ཞིག་ལ་ངའི་གཅེན་པོ་ཆོས་རྗེ་ཨ་ཀོང་རིན་པོ་ཆེ་དང་། ངའི་ཚ་བོ་གཅིག་དང་། ཁོང་གཉིས་ཀྱི་མཉམ་དུ་སྐྱོད་མཁན་དགེ་འདུན་པ་གཅིག་བཅས་ད་རིང་དྲན་དུའི་ནང་བཀྲོངས་པའི་ཐབས་སྡུག་གི་གནས་ཚུལ་བྱུང་འདུག་ཅེས་དང་། ད་ལྟ་རིན་པོ་ཆེའི་སྐུ་ཕུང་ཁུལ་དེའི་སྨན་ཁང་ལ་འཁྱེར་ནས་བརྟག་དཔྱད་བྱ་རྒྱུ་རེད་འདུག་ཅེས་གསུངས་ཡོད་འདུག
ཨ་ཀོང་རིན་པོ་ཆེ་ནི། བཀའ་བརྒྱུད་ཀྱི་བླ་མ་ཞིག་ཡིན་ཞིང་། ཁོང་ཕྱི་ལོ་༡༩༣༩ལོར་བོད་ཤར་ཕྱོགས་ཁམས་རི་བོ་ཆེར་འཁྲུངས་པ་དང་། བོད་ལ་དུས་འགྱུར་བྱུང་སྟེ་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་པའི་རྗེས་༡༩༦༠རེ་གྲངས་ཀྱི་ནང་ གྲུང་པ་རིན་པོ་ཆེ་དམ་པ་དེ་ཉིད་དང་ལྷན་དུ་དབྱིན་ཡུལ་ལ་ཕེབས་ཏེ་དེ་གར་༡༩༦༧ལོར་བསམ་གཡས་གླིང་བོད་པའི་ཆོས་ཚོགས་ཞེས་པ་གསར་འཛུགས་གནང་བ་རེད། དེ་ནས་གང་ཙམ་སོང་བའི་རྗེས་གྲུང་པ་རིན་པོ་ཆེ་ཨ་མི་རི་ཀར་ཕེབས་པ་དང་། ཨ་ཀོང་རིན་པོ་ཆེ་མུ་མཐུད་Scotlandདུ་བཞུགས་ནས་དེར་ཡོད་ཆོས་ཚོགས་ཀྱི་འཛིན་སྐྱོང་སོགས་ཀྱི་མཛད་འཁུར་བཞེས་པ་མ་ཟད། རྗེས་སུ་ཁོང་གིས་ད་དུང་རྒྱལ་སྤྱིའི་རོགས་པ་ཞེས་པའི་མི་སྤྱོད་ཕན་བདེའི་རོགས་རམ་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་ཡོད་པ་དང་། རོགས་རམ་ཚོགས་པ་དེས་གཙོ་བོ་བོད་ནང་དང་། བལ་ཡུལ་བཅས་སུ་སློབ་གྲྭ་མང་པོ་གསར་འཛུགས་བྱ་རྒྱུས་མཚོན་པའི་སྤྱི་ཚོགས་ཕན་བདེའི་ལས་འཆར་མང་པོ་ཞིག་གཉེར་ཡོད་པ་རེད། ཨ་ཀོང་རིན་པོ་ཆེ་ཡིས་རྒྱ་ནག་གཞུང་དང་འབྲེལ་བ་ཉེ་བོ་རྒྱུན་འཛིན་བྱས་ཏེ། བོད་ནང་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་དུས་སྟོན་དེ་འདྲར་ཞུགས་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད་པ་ཡོངས་གྲགས་ཡིན་ཞིང་། ཁོང་གི་རྗེས་འཇུག་པ་ཚོས། རིན་པོ་ཆེ་ཡིས་དེ་འདྲ་གནང་བ་དེ་ནི་བོད་ནང་གཉེར་བའི་རོགས་ཕན་གྱི་ལས་འཆར་དེ་ཚོ་འགོག་རྐྱེན་མེད་པར་མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་ཆེད་དུ་གནང་བ་ཞིག་རེད་ཅེས་རྗོད་ཀྱི་ཡོད་པ་རེད།
བསམ་གཡས་གླིང་ཆོས་ཚོགས་ཀྱི་དྲ་རྒྱའི་ཐོག་བླ་མ་ཡེ་ཤེས་ཀྱིས། ངའི་ཚ་བོ་ཁ་གཏིང་བླ་མ་ཡིས་རྒྱལ་བ་ཀརྨ་པ་མཆོག་གི་སྲིང་མོ་ལ་ཡིད་སྐྱོའི་གནས་ཚུལ་འདིའི་སྐོར་ཞུས་ཏེ་ཁོང་གིས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་དང་། ཏ་ཡི་སི་དུ་རིན་པོ་ཆེ་བཅས་ལ་སྙན་སེང་སྒྲོན་ཏེ། ཁོང་རྣམས་ཀྱིས་ཐུགས་སྨོན་སྐྱབས་མཇུག་གནང་བཞིན་པ་རེད་ཅེས་གསུངས་ཡོད་འདུག