རྒྱ་གཞུང་གི་མི་སྣས་རོང་རྒྱས་ཨ་གྲགས་ལགས་འཇུ་བཟུང་བྱས་པའི་བརྙན་པར་གསར་པ་ཐོན་པ།

རྒྱ་གཞུང་གི་མི་སྣས་རོང་རྒྱས་ཨ་གྲགས་ལགས་འཇུ་བཟུང་བྱས་པའི་བརྙན་པར་གསར་པ་ཐོན་པ།

ལོ་ཤས་གོང་ བོད་ས་ཁམས་ལི་ཐང་གི་ནང་རྟ་རྒྱུགས་འགྲན་བསྡུར་ཚུགས་ཏེ་ མི་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་བའི་ཐོག་ རོང་རྒྱས་ཨ་གྲགས་ལགས་ཀྱིས་རྒྱ་ནག་གི་དབང་བསྒྱུར་འོག བོ་མི་དམངས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཚུན་ཆད་ཀྱང་ལོངས་སུ་སྤྱོད་རྒྱུའི་དབང་ཆ་མེད་པ་དང་ བོད་མིའི་དཀའ་སྡུག་སེལ་རྒྱུར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་ལ་གདན་འདྲེན་ཞུ་དགོས་པ་ཡིན་ཞེས་གཏམ་བཤད་བྱས་པའི་རྗེས་ རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པས་ ད་ཆ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ སྐབས་དེར་རྒྱ་གཞུང་གི་མི་སྣས་ཁོང་འཇུ་བཟུང་བྱེད་སྟངས་ཀྱི་བརྙན་པར་གསར་པ་ཁག་ཅིག་ལག་སོན་བྱུང་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།