རྒྱ་གར་དུ་མི་མང་འདུ་འཛོམས་དང་ནད་རླབས་གསུམ་པ།

Your browser doesn’t support HTML5

རྒྱ་གར་དུ་ལོ་གསར་པའི་ཕྱི་ཟླ་དང་པོར་ཏོག་ནད་ཐེངས་གསུམ་པ་ཁྱབ་པའི་སྐབས་སུ་གྲོང་ཁྱེར་ཁག་གཅིག་ཏུ་འགྲོ་འོང་ཚོད་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་གར་བྱང་ཕྱོགས་ཁུལ་དུ་འཚོག་བཞིན་པའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཁག་རྣམས་ཏོག་ནད་འཕེལ་གཞིའི་དོན་རྐྱེན་ཆགས་སྲིད་པའི་སྐོར་འཕྲོད་བསྟེན་མཁས་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད།