རྒྱ་ནག་གི་ཉེན་ཁར་བརྟེན་ཉི་འོང་དང་ཕི་ལི་པིན་གཉིས་ཀྱིས་དམག་དོན་གྲོས་མཐུན་བཞག

ཞི་ཅིན་ཕིང་གིས་ཨུ་རུ་སུ་དང་ཡུ་ཀེ་རན་དབར་ཞི་གྲོས་ཡོང་རྒྱུར་སྟོབས་ཆེན་རྒྱབ་ཚོས་རོགས་ཕན་བྱེད་དགོས་ཟེར།

Your browser doesn’t support HTML5

རྒྱ་ནག་གི་ཉེན་ཁར་བརྟེན་ཉི་འོང་དང་ཕི་ལི་པིན་གཉིས་ཀྱིས་དམག་དོན་གྲོས་མཐུན་བཞག

ཕི་ལི་པེན་གྱི་དམག་མིས་ཉི་འོང་ནང་དམག་སྦྱོང་བྱེད་ཆོག་པའི་གྲོས་མཐུན་བཞག་འདུག་པ་དང་། དེ་ཡང་ཧྥི་ལི་པིན་གྱི་སྲུང་སྐྱོབ་དྲུང་ཆེ་གྷིལ་བྷར་ཏོ་ ཏེའི་ཌོ་རོ་དང་ཉི་འོང་གི་ཕྱི་སྲིད་བློན་པོ་ཡོ་ཀོ་ ཀ་མི་ཀ་ཝ་གཉིས་ཀྱིས་མ་ནི་ལའི་ནང་གྲོས་མཐུན་འཇོག་པའི་མཛད་སྒོའི་སར་མཚན་རྟགས་བཀོད་འདུག མཛད་སྒོ་དེར་ཕི་ལི་པིན་གྱི་སྲིད་འཛིན་ཕར་ཌི་ནནྜ་ མར་ཀོས་གཞོན་པ་ཕེབས་ཡོད་རེད།

ཕི་ལི་པིན་དང་ཉི་འོང་གི་གཞུང་འབྲེལ་མི་སྣ་ཚོས་བརྗོད་རྒྱུར་གཅིག་ལེན་གཅིག་འཇལ་གྱི་གྲོས་མཐུན་ཞེས་པ་དེར་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་རྗེས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ཉི་འོང་གི་ཕྱི་སྲིད་བློན་ཆེན་ལྕམ་ཀ་མི་ཀ་ཝས་ལོ་རྒྱུས་ལྡན་པའི་གྲོས་མཐུན་དེ་ཡིས་ཉི་འོང་དང་ཕི་ལི་ཕིན་དབར་སྲུང་སྐྱོབ་དང་བདེ་འཇགས་སྐོར་མཉམ་ལས་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་ཐུབ་ཀྱི་རེད་ཅེས་བརྗོད་འདུག ཡང་ལྕམ་ཀ་མི་ཀ་ཝས་ས་ཁུལ་དེར་ཞི་བདེ་ལྷིང་འཇགས་ཡོང་རྒྱུའི་གཞི་འཛིན་ས་དེ་རང་དབང་དང་ཕྱི་གསལ་ནང་གསལ་གྱི་རྒྱལ་སྤྱིའི་སྒྲིག་གཞི་དེ་ཡིན་པས་ཕི་ལི་པེན་དང་མཉམ་ལས་བྱ་རྒྱུར་འདོད་པ་ཡོད་ཅེས་གསུངས་འདུག

གྲོས་མཐུན་ལ་མཚན་རྟགས་བཀོད་རྗེས་ཉི་འོང་གི་ཕྱི་སྲིད་བློན་ཆེན་ཀ་མི་ཀ་ཝས་དང་སྲུང་སྐྱོབ་བློན་ཆེན་མི་ནོ་རུ་ ཀི་ཧ་རས་གཉིས་ཀྱིས་ཕི་ལི་པིན་གྱི་ཕྱི་སྲིད་དང་སྲུང་སྐྱོབ་བློན་ཆེནགྱི་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲུང་སྐྱོབ་དང་བདེ་འཇགས་ཐད་འབྲེལ་བ་ཡར་རྒྱས་གཏོང་ཐབས་ཇི་ལྟར་བྱེད་དགོས་པའི་སྐོར་ལ་དགོས་བཀའ་མོལ་གནང་འདུག

གསར་འགོད་པ། རྒྱ་རི་རྡོ་རྗེ་ཐོགས་མེད།

རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།