༢༠༢༠ ལོའི་དབྱར་ཁའི་ཨོ་ལིམ་ཕིག་༢༠༢༡ ལ་ཕར་འགྱངས།

Your browser doesn’t support HTML5

ཏོག་དབྱིབས་ནད་དུག་ཁྱབ་གདལ་དུ་ཕྱིན་པའི་དབང་གིས་འཛམ་གླིང་ས་ཁུལ་མང་པོར་མི་མང་པོ་ཞིག་རང་ཁྱིམ་ལ་འཛུལ་ནས་འགྲོ་འོང་བཀག་སྡོམ་འོག་གནས་ཡོད། རྩེད་འགྲན་གྱི་རིགས་མང་པོ་ཞིག་ཀྱང་མཚམས་འཇོག་བྱས་ཡོད། ཉི་ཧོང་དུ་འཚོག་འཆར་ཡོད་པའི་ད་ལོའི་དབྱར་ཁའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱང་ལོ་རྗེས་མའི་བར་ཕར་འགྱངས་བྱས་པ་ཡིན་ཞེས་གསལ་བསྒྲགས་བྱས་འདུག