རྒྱ་གར་དུ་རིམས་ནད་ཕོག་མཁན་མང་རུ་འགྲོ་བཞིན་པ།

༄༅།།གཟའ་པ་སངས་ཉིན་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་ནས་གསལ་བསྒྲགས་སྤེལ་བ་ལྟར་ན། འདས་པའི་ཆུ་ཚོད་ ༢༤ རིང་ལ་ཏོག་དབྱིབས་རིམས་ནད་ཕོག་མཁན་གསར་པ་སྟོང་ཕྲག་ ༨༡༤༦༦བྱུང་འདུག རིམས་ནད་ཕོག་མཁན་གསར་བའི་བརྒྱ་ཆའི་ལྔ་བཅུ་སྟེ། མི་སྟོང་ཕྲག་ ༤༣༡༨༣ ནུབ་ཕྱོགས་མངའ་སྡེ་མ་ཧ་ར་ཤི་ཊ་ནས་ཡིན་པ་རེད། ཨ་རིའི་ཇོན་སི་ཧོཔ་ཀིན་སི་ཏོག་དབྱིབས་ནད་དུག་ཞིབ་འཇུག་ལྟེ་གནས་ཁང་གིས་བསྡོམས་རྩིས་བྱས་པའི་གྲངས་ཐོ་ལྟར་ན་རྒྱ་གར་ལ་ཏོག་དབྱིབས་འགོས་ནད་ཕོག་མཁན་ས་ཡ་༡༢་༣ འདུག་པ་དང་། འཛམ་གླིང་ཡོངས་ཀྱི་ནང་ཨ་མི་རི་ཀར་ནད་པ་ས་ཡ་ ༣༠་༥ དང་བ་ར་ཛིལ་ལ་ས་ཡ་༡༢་༨ ཡོད་པ་དང་། དེའི་འཕྲོས་ལ་རྒྱ་གར་ནི་ནད་པ་མང་ཤོས་ཀྱི་རྒྱལ་ཁབ་ཨང་གསུམ་པར་གྱུར་ཡོད་པ་དང་། ད་སྔ་འཛམ་གླིང་ཡོངས་ལ་ནད་པ་ས་ཡ་ ༡༢༩་༦ ཡོད་པ་རེད།

Your browser doesn’t support HTML5

རྒྱ་གར་དུ་རིམས་ནད་ཕོག་མཁན་མང་རུ་འགྲོ་བཞིན་པ།