ཧར་ཝྭར་ཌི་སློབ་ཆེན་གྱི་རྒྱ་སྐད་ལས་གཞི་ཐེ་ཝན་ལ་སྤོར་འཆར།

༄༅།། ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་སྐད་གྲགས་ཅན་ཧར་ཝྭར་ཌིས་པེ་ཅིང་དུ་སློབ་ཕྲུག་ཁྲིད་ནས་རྒྱ་སྐད་སློབ་པའི་ལས་གཞི་ཞིག་གཉེར་གྱི་ཡོད་ཅིང་། ད་ལྟ་རྒྱ་སྐད་སློབ་ཁྲིད་ཀྱི་ལས་གཞི་རྒྱ་ནག་ནས་ཐེ་ཝན་ལ་སྤོར་རྒྱུའི་གནས་ཚུལ་ཐོན་འདུག འདི་ནི་རྒྱ་ནག་གིས་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོར་མཐུན་རྐྱེན་ཡག་པོ་སྦྱོར་གྱི་མེད་པའི་སྟབས་ཀྱིས་རེད་ཅེས་འགྲེལ་བརྗོད་བྱས་ཀྱང་རྒྱ་ནག་གཞུང་གིས་ཐག་གཅོད་དེ་ཆབ་སྲིད་ལ་འབྲེལ་བ་ཡོད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག་པའི་སོགས་ཀྱི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

Your browser doesn’t support HTML5

ཧར་ཝྭར་ཌི་སློབ་ཆེན་གྱི་རྒྱ་སྐད་ལས་གཞི་ཐེ་ཝན་ལ་སྤོར་འཆར།