ཡུ་རོབ་གྲོས་ཚོགས་ནང་བོད་དོན་བགྲོ་གླེང་ཚོགས་འདུ་འཚོག་གཏན་འཁེལ་བ།

ཡུ་རོབ་ཀྱིས་གྲོས་ཆོགས་ནང༼བོད་ཀྱི་མིག་ཆུ་༽ཞེས་པའི་འགོ་བརྗོད་འོག་བགྲོ་གླེང་ཚོགས་འདུ་ཞིག་གཟའ་ལྷག་པའི་ཉིན་འཚོག་གཏན་འཁེལ་འདུག་པ་དང་་ལྷན་ཚོགས་དེའི་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་སོགས་ཀྱི་ཐད་བགྲོ་གླེང་བྱ་རྒྱུ་ཡིན་འདུག ལྷན་ཚོགས་དེའི་ཐོག་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མིན་པའི་ཚོགས་སྡེའི་འགོ་ཁྲིད་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སོགས་ཀྱིས་གཏམ་བཤད་གནང་རྒྱུ་ཡིན་པ་རེད།

Your browser doesn’t support HTML5

ཡུ་རོབ་གྲོས་ཚོགས་ནང་བོད་དོན་བགྲོ་གླེང་ཚོགས་འདུ་འཚོག་གཏན་འཁེལ་བ།