ཨ་མི་རི་ཀ་ས་ཡོམ་གྱི་གོད་ཆགས་ལ་གྲ་སྒྲིག་མེད་པ།

ཨ་མི་རི་ཀ་ས་ཡོམ་གྱི་གོད་ཆགས་ལ་གྲ་སྒྲིག་མེད་པ།

ལོ་ངོ་བརྒྱ་ཕྲག་གཅིག་ལྷག་རིང་ཨ་མི་རི་ཀར་གཏོར་ཚབས་ཆེ་བའི་ས་ཡོམ་གྱི་གོད་ཆགས་བྱུང་མྱོང་མེད་པ་དང་ ས་ཡོམ་གྱི་གོད་ཆགས་ལ་གྲ་སྒྲིག་ཡོད་པ་ཨ་རི་བ་རྣམས་ནོར་འཁྲུལ་གྱི་ཡིད་ཆེས་བྱེད་ཀྱི་ཡོད་པ་སྙན་ཐོ་གསར་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པ་དང་ཆབས་ཅིག་ ཉེ་ཆར་གྱི་བྱུང་རིམ་དེ་ཚོ་ཉེན་ཁ་ཡོད་པ་གསལ་སྟོན་བྱུང་ཡོད་པའི་སྐོར་ཨ་རིའི་གཞུང་ལ་སློབ་སྟོན་འབུལ་མཁན་རྒྱལ་ཡོངས་ཉམས་ཞིབ་ལྷན་ཁང་གིས་བཏོན་པའི་སྙན་ཐོའི་ནང་གསལ་་ཡོད་པ་སོགས་གསར་འགོད་པ་མཡིག་ ཨོ་ སུ་ལི་ཝེན་གྱི་གྲོང་ཁྱེར་ལོས་ཨེན་ཇལས་ནས་བཏང་བས་གནས་ཚུལ་དེ་ནམ་མཁའབསྟན་འཛིན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།