རྒྱ་ནག་ལ་བསྐྱོད་པའི་ཨ་རི་བ་ཚོར་གཞུང་གིས་ཚོར་གཟབ་ནན།

Your browser doesn’t support HTML5

ཨ་མི་རི་ཀའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་ཕྱིན་པའི་ཏོག་དབྱིབས་ནད་དུག་ཨ་མི་རི་ཀར་ཁྱབ་གདལ་འགྲོ་སྲིད་པ་སྔོན་འགོག་གི་ཆེད་དུ་ཉེ་ཆར་རྒྱ་ནག་ལ་འགྲུལ་བཞུད་བྱས་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་མཁན་ཨ་རི་བ་མི་སྒེར་པ་ཚོར་བརྟག་དཔྱད་དང་གཟབ་ནན་བྱ་རྒྱུ་འགོ་ཚུགས་དགོས་ཞེས་བསྒྲགས་ཡོད་པའི་སྐོར། ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་ཤིག་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།