༧གོང་ས་མཆོག་ནས་ཡི་ཤུའུ་ཆོས་དཔོན་ཁྲུ་ཁྲུ་མཆོག་ལ་གཟེངས་རྟགས་ཐོབ་པར་འཚམས་འདྲི་གནང་པ།

ཁ་སང་ཕྱི་ཟླ་༡༢་པའི་༡༠ སྟེ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། ཨ་རིའི་ཁྰ་ལི་ཧྥོ་ནི་ཡ་རུ་ཡོད་པའི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་ཐད་ཕྱག་ལས་གནང་མཁན་གྱི་ཚོགས་པ་ Article3.org ཅེས་པའི་ངོས་ནས། ཡི་ཤུའི་ཆོས་དཔོན་ཊེ་སི་མོན་ཊི། ཊུ་ཊུ་མཆོག་ལ། འཛམ་གླིང་དུ་ཞི་བདེ་དང་། དཔལ་འབྱོར། སྤྱི་ཚོགས་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐད་སྐུ་ཚེ་ཧྲིལ་པོར་ཕྱག་ལས་གནང་བར་ངོས་འཛིན་དང་ཆེ་བསྟོད་ཞུ་སླདུ། གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་བང་མཛོད་ཀྱི་བྱ་དགའ་ཞེས་པ་དེ་ཕུལ་འདུག་པ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྙན་པར་བརྒྱུད་ཊུ་ཊུ་མཆོག་ལ་འཚམས་འདྲི་དང་འབྲེལ། ཆོས་དཔོན་མཆོག་འགྲོ་བ་མིའི་བདེ་དོན་ཆེད་དགུང་གྲངས་བརྒྱ་ལྷག་ལ་བཞུགས་རྒྱུའི་ཐུགས་སྨོན་གནང་ཡོད་པའི་གནས་ཚུལ་བསྟན་འཛིན་བཟང་མོས་སྙན་སྒྲོན་ཞུས་ཡོད།

Your browser doesn’t support HTML5

༧གོང་ས་མཆོག་ནས་ཡི་ཤུའུ་ཆོས་དཔོན་ཁྲུ་ཁྲུ་མཆོག་ལ་གཟེངས་རྟགས་ཐོབ་པར་འཚམས་འདྲི་གནང་པ།