༧གོང་ས་མཆོག་ནས་ཐུགས་གསོའི་འཚམས་འཕྲིན་སྩལ་བ།

Your browser doesn’t support HTML5

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཱཡན་ཧྥེན་སེ་ཊིན་མཆོག་དགུང་གྲངས་༩༠ ཐོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་གསན་འཕྲལ་མགོན་པོ་མཆོག་ནས་ལྕམ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག།