ནན་སི་ཕེ་ལོ་སི་བོད་ལ་ཕེབས་རྒྱུའི་འཆར་གཞི་དེར་རྒྱ་ནག་འཇིགས་སྣང་།

ནན་སི་ཕེ་ལོ་སི་བོད་ལ་ཕེབས་རྒྱུའི་འཆར་གཞི་དེར་རྒྱ་ནག་འཇིགས་སྣང་།

ཝཱི་ཀི་ལིཀ་ཅེས་པའི་དྲ་རྒྱའི་ནང་དུ་ཨ་རིའི་གསང་བའི་གནས་ཚུལ་མང་པོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་དོན་ཚན་གཅིག་ནི། ན་ནིང་ཕྱི་ལོ་༢༠༠༩་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ། ཁོང་སྐབས་དེར་བོད་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུའི་ཐུགས་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལ་བློ་དྭོགས་ཆེན་པོ་བྱས་ནས་ནན་སི་པི་ལོ་སི་བོད་ལ་ཕེབས་ཐུབ་མེད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། རྣམ་རྒྱལ་ཤསྟྲིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་པ་དེར་གསན་རོགས་གནང་།།