༄༅།། དེང་སང་འཛམ་གླིང་གི་ས་གནས་གང་སར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་པ་དང་བསྟུན། ཉེ་ཆར་ཉི་ཧོང་དང་སི་པེན། ཧྥ་རན་སི། སུད་ཌན་དང་ཁེ་ན་ཌ། འཇར་མན་ཎི། ནེའུ་ཛི་ལན་ཌི་དང་ལེ་བྷ་ནན། ཨོ་གླིང་རྒྱལ་ཁབ་དང་ལྷོ་ཨ་ཧྥི་རི་ཀ། ནེ་ཇཱི་རི་ཡ་སོགས་རྒྱལ་ཁབ་མང་དག་ཅིག་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་གསར་པ་དེ་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་ངེས་གཏན་བྱུང་ཡོད་ཅིང་། ནད་པ་དེ་དག་གི་མང་ཆེ་ཤོས་ཤིག་ནི་དབྱིན་ཡུལ་དུ་འགྲོ་སྐྱོད་བྱས་མྱོང་མཁན་ནམ། ཡང་ན་དབྱིན་ཡུལ་དུ་འགྲོ་སྐྱོད་བྱས་མྱོང་མཁན་ཚོར་འབྲེལ་འདྲིས་བྱུང་བ་ཤ་སྟག་ཡིན་འདུག་པའི་སྐོར་། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
Your browser doesn’t support HTML5