ཀུན་གླེང་། ༢༠༢༤ ལོའི་ཟླ་༡༠ ཚེས་༣

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་དང་ཨི་རན་བར་གྱི་དམག་འཁྲུག་རྒྱ་ཆེར་འགྲོ་ཉེན་སྐོར་དང་། ཨ་རིའི་སྲིད་འཛིན་གཞོན་པའི་རྩོད་གླེང་རྗེས་འོས་འཕེན་པ་ཇེ་མང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ། ཁ་ན་ཌར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ལས་འགུལ་སྤེལ་བ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རཱོ་ཡར་ཁཱ་ཧྥེ་ཞེས་པའི་གློག་བརྙན་ལ་བལྟ་ས་དང་། རྒྱའི་རྒྱལ་སྟོན་དང་བོད་མིའི་བསམ་འདུན། བོད་དུ་བོད་ཡིག་སློབ་གསོའི་ལམ་ལུགས་མཇུག་སྒྲིལ་བའི་སྐོར་སོགས་ཡོད། ཐེངས་འདིའི་དཔེ་ཀློག་ལེ་ཚན་ནང་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རྩོམ་པ་པོ་དང་ཉམས་ཞིབ་པ་བསྐལ་བཟང་ལྷ་མོ་ལགས་དང་ལྷན་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་མཛད་པའི་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཀྱི་ཁྱད་ཆོས་སྐོར་ངོ་སྤྲོད་ཞུས་ཡོད།