ཀུན་གླེང་། ༢༠༢༤ ལོའི་ཟླ་༩ ཚེས་༣༠

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གནང་བ་དང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ལ་བོད་ཀྱི་ཐ་སྙད་ཐད་ངོ་རྒོལ། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མིར་ཐུགས་རྗེ་ལེགས་འབུལ། སྲིད་སྐྱོང་གིས་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས། ཚངས་དབྱངས་རྒྱ་མཚོའི་རི་རྩེ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་ཤེས་རིག་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས་དང་དཔེ་སྟོན་སློབ་གྲྭའི་སློབ་མ་ཡང་བསྐྱར་སྒྲོལ་མ་ལགས་གཉིས་དང་ལྷན་དུ་ཧི་མ་ཅལ་མངའ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་ཕན་ཡོན་དང་། དེའི་དམིགས་ཡུལ་བཅས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།