ཀུན་གླེང་། ༢༠༢༤ ལོའི་ཟླ་༩ ཚེས་༢༦

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་དང་དཀྱིལ་ཤར། སུའུ་ཌན་ནི་ཚོགས་ཆེན་བརྗོད་གཞི་ཆགས་སྐོར་དང་། ཨུ་ཡུག་དམག་འཁྲུག་ནི་གནོན་ཤུགས་འོག་མཇུག་སྒྲིལ་ཐུབ་ཟེར། མཱི་ཆི་གྷན་ནང་གི་ཨ་རབ་མི་རྒྱུད་ཚོས་ཨ་རིའི་འོས་བསྡུར་ཤུགས་རྐྱེན། ལེ་བྷ་ནོན་དུ་འཆི་རྨས་གྲངས་འབོར་འཕར་བ་དང་ཉེན་ཁ་ཇེ་ཆེ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད། ཐེངས་འདིའི་བུད་མེད་ལེ་ཚན་ནང་མན་སྤར་ས་གནས་འགོ་འཛིན་ཚེ་དབང་དབྱངས་མཚོ་ལགས་ལ་ཁོ་མོའི་ལོ་གཅིག་དང་ཕྱེད་ཙམ་རིང་གཞི་ཆགས་ས་གནས་ཀྱི་རྩོད་གཞི་ཞིག་གི་ཐད་ལ་སྐུ་ལས་བསྐྱོན་པས་རྒྱལ་ཁ་ཐོབ་ཚུལ་སྐོར་དང་ཁོ་མོའི་སྲི་ཞུའི་བཞུད་ལམ་དང་ས་གནས་འགོ་འཛིན་གྱི་ཕྱག་ལས་དང་འབྲེལ་བའི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།