ཀུན་གླེང་། ༢༠༢༤ ལོའི་ཟླ་༩ ཚེས་༡༠

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ལ་ཨ་རིའི་འོས་བསྡུའི་བགྲོ་གླེང་གི་སྐོར་དང་། ཨུ་ཡུག་དམག་འཁྲུག་གིས་ཨ་རིའི་འོས་བསྡུར་བཅིངས་བའི་རེ་བ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ། ལི་ལས་བཟོས་པའི་སངས་རྒྱས་ཀྱི་སྐུ་རིང་ཤོས་ལ་གཙང་སྦྲ་བྱས་པ་སོགས་ཡོད། དེ་རིང་གཟའ་མིག་དམར་ཉིན་གྱི་ཞིབ་འགྲེལ་ལེ་ཚན་དུ་རྡོ་རྗེ་ཚེ་བརྟན་དང་ཚེ་རིང་དབང་མོ་གཉིས་ཀྱིས་ཨུ་ཡུག་དམག་འཁྲུག་ཏུ་ཞུགས་ཡོད་པའི་བལ་པོའི་གླས་དམག་ཚོ་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པ་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཞིབ་ཕྲ་བགྲོ་གླེང་ཞུ་རྒྱུ་རེད། སྐུ་ཉིད་ཀྱིས་བརྙན་འཕྲིན་དང་། ངོ་དེབ། ཡུག་ཊུབ། དྲ་ཚིགས་བཅས་སུ་ཐད་གཏོང་ལ་དུས་ཐོག་ཏུ་གསན་གཟིགས་གནང་བར་ཞུ།།