ཀུན་གླེང་། ༢༠༢༤ ལོའི་ཟླ་༧ ཚེས་༥

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དབྱིན་ཇིའི་ངལ་རྩོལ་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ། ཡུ་རོབ་མནའ་འབྲེལ་གྱིས་རྒྱ་ནག་གི་གློག་གི་མོ་ཊར་སྒོ་ཁྲལ་སྤར་རྒྱུ། དཀྱིལ་ཤར་ཟིང་ཆ་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་གྲགས་པ་གདན་འདྲེན་ཞུས་ནས་ཞབས་རིམ་སྒྲུབ་པའི་ཕན་ཡོན་དང་ནུས་པ། ཞབས་རིམ་སྒྲུབ་པའི་དུས་སུ་ཀུན་སློང་གང་འདྲ་ཞིག་འཆང་དགོས་མིན་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།