ཀུན་གླེང་། ༢༠༢༣ ལོའི་ཟླ་༡༡ ཚེས་༢༩

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་དང་ཧ་མ་སིས་མེ་འཕེན་མཚམས་འཇོག་དང་མི་གཏའ་གློད་རེས་བྱེད་བཞིན་པ་དང་། ཡུ་རོབ་མནའ་འབྲེལ་གྱི་ཁོངས་མི་ཞིག་གིས་ཡུག་ཀེ་རན་ལོགས་སུ་འཇོག་རྒྱུའི་ཉེན་བརྡ་བཏང་བ། བོད་ནང་དུ་མེ་འཁོར་ལྕགས་ལམ་གསར་འབྱེད་བྱས་པའི་ཉེན་ཚབས། སྲིད་འཛིན་ཟུར་པའི་སྐུ་ཟླའི་མྱ་ངན་མཛད་སྒོ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་ལྷན་ཐེ་ཝན་ཌིའི་ནང་འཚོགས་པའི་བོད་ཀྱི་ཁོར་ཡུག་གནས་སྟངས་ཇེ་སྡུག་དང་གཙང་ོཔོ་ཁག་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་པའི་ཐད་བགྲོ་གླེང་བྱས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱ་ནག་ཞིབ་འཇུག་དང་འཐུས་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བོད་ཀྱི་བུད་མེད་འབུམ་རམས་པ་ཨ་དཔལ་ལྷ་མོ་ལགས་དང་ལྷན་རྒྱ་ནག་གཞུང་གིས་སྤྱི་འབངས་ལ་དོགས་སོན་བྱ་ར་བྱེད་པའི་གནས་སྟངས་ལས་འཕྲོས་ཏེ་བོད་མི་ནི་དུས་རབས་གསར་བའི་འཕྲུལ་རིག་གིས་དོགས་སོན་བྱ་ར་བྱེད་ཡུལ་གྱི་སྤྱི་ཚོགས་ཆེན་པོ་ཞིག་གྱུར་ཡོད་པའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།