ཀུན་གླེང་། ༢༠༢༣ ལོའི་ཟླ་༡༠ ཚེས་༤

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་བ་དང་། སྲིད་སྐྱོང་གི་ལྷོ་ཨ་མི་རི་ཀའི་ཕྱོགས་སྐྱོད། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་བ། ཨ་རིས་ཡུག་ཀེ་རན་ལ་མུ་མཐུད་རྒྱབ་སྐྱོར། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཁག་ཅིག་གསལ་བསྒྲགས་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གདན་འདྲེན་ཞུས་ནས་ཨ་རིའི་གཞུང་སྒོ་བརྒྱབ་སྲིད་པའི་ཉེན་ཁ་དང་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་བའི་སྔ་ཕྱིའི་རྒྱུ་མཚན་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ། དེ་བཞིན་དུ་ཚེ་རིང་དབང་མོ་ལགས་ཀྱིས་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་ལྷན་དུ་ཨ་རིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་བ་ལྕམ་ཌ་ཡེན ཧྥེན་སི་ཐན་དམ་པ་མཆོག་གི་བོད་དོན་སྐོར་གྱི་མཛད་རྗེས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།