ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༦

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་དབུ་མ་འཇུག་པ་རང་འགྲེལ་གྱི་གསུང་ཆོས་སྩལ་བ་དང་། དྲུང་ཆེ་བྷི་ལིན་ཁེན་གྱིས་ཡུག་ཀེ་རན་དུ་འཚམས་གཟིགས། བྱང་ཀོ་རི་ཡ་དང་ཨུ་རུ་སུའི་འབྲེལ་ལམ། ཨ་ཧྥེ་རི་ཀའི་གནམ་གཤིས་ཚོགས་ཆེན། འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ལ་ཕྱི་ཟླ་དགུ་བའི་ཚེས་༡ ནས་ལག་བསྟར་བྱས་པའི་རྒྱ་ནག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་ཐབས་ཞེས་པའི་སྒྲིག་སྲོལ་གསར་པ་དེའི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་ལགས་ལ་རྒྱ་ནག་དམར་ཤོག་གཞུང་གིས་བོད་པའི་རིག་དངོས་ག་ཚོད་ཙམ་རྐུ་ཁྱེར་དང་གཏོར་བརླག་བཏང་ཡོད་པ་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།