ཀུན་གླེང་། ༢༠༢༣ ལོའི་ཟླ་༧ ཚེས་༢༦

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལ་དྭགས་སུ་མང་ཚོགས་ལ་གསུང་བཤད་གནང་བ་དང་། བྷེལ་ཇེམ་ནས་ཡོང་བའི་སློབ་ཕྲུག་རྣམས་ལ་དམིགས་བསལ་བཀའ་སློབ་སྩལ་བ། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་འཕོ་འགྱུར་དང་། འཛམ་གླིང་གང་སར་ཚ་དྲོད་ཀྱི་དཀའ་ངལ། ཨ་རི་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཤིག་ལ་བསྐྱར་ཞུགས་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་གདན་འདྲེན་བྱས་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་འཕོ་འགྱུར་དང་ཨ་རི་དང་རྒྱ་ནག་དབར་གྱི་འགྲན་བསྡུར་འཐབ་ཇུས་གྲོས་ཚོགས་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་བསྐྱར་ཞིབ་བྱས་པའི་ཐད་བགྲོ་གླེང་དང་། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་བཞེངས་ཏེ་འོས་བསྡུའི་དྲིལ་བསྒྲགས་ལ་མཉམ་ཞུགས་གནང་མྱོང་མཁན་གདོང་འདུས་སྐྱིད་འཛོམས་ལགས་གདན་འདྲེན་ཞུས་ནས་ཨོ་གླིང་གི་ཆབ་སྲིད་ཁོར་ཡུག་དང་བོད་དོན་འཐབ་རྩོད་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།