ཀུན་གླེང་། ༢༠༢༣ ལོའི་ཟླ་༧ ཚེས་༡༢

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྐབས་འདིར་ཡུག་ཀེ་རན་ཁོངས་སུ་འཇུག་རྒྱུའི་འཆར་གཞི་གཏན་འབེབ་དང་། སི་ཝེ་ཌན་གྱི་ཁོངས་མིའི་གནད་དོན་ཐག་ཆོད། ༧གོང་ས་མཆོག་གིས་ལ་དྭགས་སུ་བོད་དུ་ཕེབས་འཆར་གྱི་གསུང་བཤད་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་མཇལ་མོལ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཨ་རིའི་མེ་ནི་སུ་ཌ་སློབ་ཆེན་གྱིས་མཐོ་སློབ་དེའི་འཕྲོད་བསྟེན་ཚན་རིག་སྡེ་ཚན་ནང་བོད་པས་འགན་ཁུར་བའི་བོད་ཀྱི་གསོ་རིག་སྣེ་ཁྲིད་ཚན་པ་ཞེས་པ་ཞིག༢༠༡༡ལོར་གསར་འཛུགས་བྱས། ཀུན་གླེང་དུ་རྒྱལ་མཚན་ཆོས་གྲགས་ཀྱིས་བོད་ཀྱི་གསོ་རིག་སྣེ་ཁྲིད་ཚན་པའི་འགན་འཛིན་འབུམ་རམས་པ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་དང་ལྷན་དུ་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་ལྷན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་བཅས་ལ་མཇལ་འཕྲད་གནང་བའི་ཐད་་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།